བོད་རང་བཙན་གྱི་ཆེད་དུ་ཞི་བའི་གོམ་བགྲོད་གནང་བཞིན་ཡོད་པ།

བོད་རང་བཙན་གྱི་ཆེད་དུ་ཨ་མི་རི་ཀའི་གྲོང་ཁྱེར་མེ་ཌི་སེན་ནས་ཞི་བའི་གོམ་བགྲོད་འགོ་བཙུགས་ནས་ཉིན་ཞག་དགུ་སོང་ཡོད་པ་རེད་

2008.08.03

༄༅༎བོད་རང་བཙན་གྱི་ཆེད་དུ་ཨ་མི་རི་ཀའི་གྲོང་ཁྱེར་མེ་ཌི་སེན་ནས་ཤི་ཁ་གོ་བར་ཞི་བའི་གོམ་བགྲོད་འགོ་བཙུགས་ནས་ཁ་ས་བར་ ཉིན་ཞག་དགུ་སོང་ཡོད་པ་རེད་ ཞི་བའི་གོམ་བགྲོད་དེའི་ནང་ སྐུའི་གཅེན་པོ་སྟག་རྩེར་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་གཙོས་པས་ ལོ་ན་ ༡༩ སོན་པའི་ན་གཞོན་ནས་ ལོ་ན་ ༧༧ བར་དུ་སོན་པའི་བགྲེས་པོ་བཅས་ བོད་མི་ ༡༠ དང་ནུབ་ཕྱོགས་པ་ ༢ བཅས་རྒན་གཞོན་ཁྱོན་སྡོམ་མི་གྲངས་ ༡༢ ཡོད་པ་རེད་ ཁོང་རྣམ་ཚོའི་ཁོངས་ནས་དགུང་ལོ་བགྲེས་ཤོས་ནི་སྐུ་ཞབས་ དཔལ་ལྡན་རྒྱ་མཚོ་ལགས་ཡིན་པ་རེད་ གོམ་བགྲོད་དེའི་ནང་མཉམ་ཞུགས་གནང་མཁན་གཅིག་ནི་ བོད་མི་མང་སྤྱི་འཐུས་ལྷན་ཁང་ནང་སྔོན་ཆད་ལོ་མང་རིང་ ཨ་མི་རི་ཀར་གནས་བཞིན་པའི་བོད་མིའི་སྤྱི་འཐུས་གནང་མཁན་ དབང་ཕྱུག་རྡོ་རྗེ་ལགས་ཡིན་པ་རེད་ དེ་བྱིངས་རྣམས་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་སྦོསི་ཊོན་ མེ་ཌི་སེན་ ལྦར་མོནཏེ་ ཨིན་ཌི་ཡ་ན་ ལྦ་ཤིང་ཏོན་ ཤི་ཁ་གོ་ ཀེན་ཊ་ཀི་ རྒྱ་གར་བཅས་ནས་ཡིན་པ་རེད་ ཁོང་རྣམ་ཚོས་འདི་ག་རླུང་འཕྲིན་ཁང་ལ་བསྩལ་བའི་མགྱོགས་འཕྲིན་གྱི་ནང་དོན་ལྟར་ན་ ཁོང་རྣམ་པ་ཚོས་ཨ་མི་རི་ཀའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་དང་ ས་གནས་གཅིག་ནས་གཞན་དུ་གོམ་བགྲོད་གནང་སྐབས་ བོད་ཀྱི་གནད་དོན་ཤེས་མཁན་ཚོས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་པའི་རྒྱབ་སྐྱོར་དང་ བོད་དོན་ཐོག་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་འགྲེམས་སྟོན་བྱས་ཡོད་པ་དང་ གོམ་བགྲོད་པ་ཚོའི་ཆེད་དུ་གཏོང་ཕོད་ཅན་གྱི་དངུལ་གྱི་ཞལ་འདེབས་གནང་མཁན་ཡང་གང་མང་ཐོན་ཡོད་པ་རེད་ རྒྱ་གར་ནང་ ཟ་འཐུང་གཙང་བཅད་ཀྱི་ཞི་བའི་ངོ་རྒོལ་གནང་མཁན་ བོད་མི་དྲུག་པོ་དེ་ཚོར་རྒྱབ་སྐྱོར་དང་ གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་ གནམ་གཤིས་ཚ་བ་ཆེ་རུང་ ཆབ་བཞེས་རྒྱུ་སོགས་ཀྱང་ཕྲན་བུ་ཉུང་དུ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎