བོད་གྲོང་གསེབ་ཁུལ་དབུལ་པོ་ཚོར་ནད་གཞིའི་དཀའ་ངལ་སྐོར།

བོད་ས་མཐོའི་གྲོང་གསེབ་ས་ཁུལ་གྱི་མི་མང་དབུལ་པོ་ཚོར་ཧ་ཅང་དཀོན་པོ་ཡིན་པར་ངོས་འཛིན་བྱེད་པའི་ནད་གཞིའི་དཀའ་ངལ་འཕྲད་བཞིན་ཡོད་པ།

2008.10.22

༄༅༎བོད་ས་མཐོའི་གྲོང་གསེབ་ས་ཁུལ་གྱི་མི་མང་དབུལ་པོ་ཚོར་ཧ་ཅང་དཀོན་པོ་ཡིན་པར་ངོས་འཛིན་བྱེད་པའི་ནད་གཞིའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་

བོད་ས་མཐོའི་གྲོང་གསེབ་ས་ཁུལ་གྱི་མི་མང་དབུལ་པོ་ཚོར་གཟུགས་པོའི་རྐང་ཚིགས་དང་ལག་ཚིགས་ཚང་མ་སྐྲངས་ནས་མིའི་འཚར་ལོངས་ལ་གནོད་འཚེ་གཏོང་གཞིའི་ཆེས་དཀོན་པའི་ཀ་ཤིན་སྦེཀ་ཞེས་པའི་ནད་གཞི་ཞིག་ཕོག་ནས་འབྲོག་ས་དང་ལུང་ཁུག་སོགས་བོད་ས་མཐོའི་ནང་གཏན་སྡོད་གྲོང་གསེབ་མི་མང་དབུལ་པོ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་སྦེལ་ཇམ་གྱི་ནད་རིགས་སྔོན་འགོག་ཐེབས་རྩ་ལས་དོན་ཚན་པའི་འགན་འཛིན་ཡིས་ཁ་ས་རེས་གཟའ་མིག་དམར་ཉིན་གསལ་སྟོན་གནང་བ་དེ་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་ནས་དེ་རིང་ཕྱི་ཚེས་ཉི་ཤུ་གཉིས་ཉིན་གནས་ཚུལ་སྤེལ་གནང་འདུག

ཡང་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གྱིས་ཀྱང་ས་ཁུལ་དེའི་ནང་ཡོད་པའི་མི་མང་ས་ཡ་གསུམ་ཙམ་ནས་མི་མང་ས་ཡ་གཉིས་ཙམ་ལ་ནད་གཞི་དེ་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད་ སྦེལ་ཇམ་གྱི་ནད་རིགས་སྔོན་འགོག་ཐེབས་རྩ་ལས་དོན་ཚན་པའི་འགན་འཛིན་ཡིས་གསུང་ན་ ཞིང་པ་དབུལ་པོ་ཚོར་ཟས་བཅུད་ཡག་པོ་ཞིག་དང་འབྲུག་རིགས་ཉར་ཚགས་བྱེད་ཕྱོགས་ཀྱི་ཐད་ལ་ཡར་རྒྱྱས་བཏང་བ་ཡིན་ན་ནད་རིགས་དེ་སྔོན་འགོག་ཐུབ་རྒྱུ་ཡིན་སྐོར་གསུང་པ་དང་སྦྲགས་ཁོང་གིས་ལོ་མང་རིང་ཉམས་ཞིབ་བྱས་པ་བརྒྱུད་ནས་ཕྲུ་གུ་ཚོར་སྟོབས་བཅུད་ལྡན་པའི་སྨན་སྤྲོད་པའི་རྐྱེན་གྱིས་ཕྲུ་གུ་ཚོར་ནད་གཞ་དེ་རིགས་ཇི་ཉུང་དུ་འགྲོ་རྒྱུ་ཡིན་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་ནས་ཐག་རིང་གྲོང་གསེབ་ཁག་དང་དེ་བཞིན་བོད་ཀྱི་ས་མཐོའི་སྒང་གི་ས་ཁུལ་གཞན་ཁག་ནང་ད་དུང་ཡང་ན་ཚ་དེ་རིགས་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ནད་གཞི་དེའི་ཡོང་གཞི་གཙོ་བོ་ནི་ཟས་བཅུད་མི་འདེངས་བ་དང་འབྲུ་རིགས་ཧམ་བུ་རྒྱབ་པ་སོགས་ནས་ཡོང་གི་ཡོད་པར་བརྟེན་ཞིང་པ་ཚོས་འབྲུ་རིགས་ཉར་ཚགས་བྱེད་པའི་སྐབས་གཙང་མ་དང་འབྲུ་རིགས་ལ་གཞའ་ཚན་མི་ཕོག་པར་སྐམ་པོ་ཡོད་ཐབས་སུ་སྒོ་དང་སྒེའུ་ཁུང་བརྒྱུད་ནས་རླུང་འགྲོ་ས་བཟོས་ནས་ཧམ་བུ་མི་རྒྱབ་པ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་གོང་ཞུས་ནད་རིགས་སྔོན་འགོག་རོགས་སྐྱོར་ཚོགས་པས་སློབ་སྟོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎