༧གོང་ས་མཆོག་གི་ཡང་སྲིད་ཕེབས་མིན་བོད་མི་ཚོར་རག་ལུས་བ་རེད།


2014.12.18
༧གོང་ས་མཆོག་གིས་ལྡི་ལིར་ཆོས་འབྲེལ་སྐབས། ༢༠༡༤།༡༢།༡༨ ༧གོང་ས་མཆོག་གིས་ལྡི་ལིར་ཆོས་འབྲེལ་སྐབས། ༢༠༡༤།༡༢།༡༨
སྐུ་སྒེར་དྲ་བ

ཏཱ་ལའི་བླ་མའི་སྒྲིག་སྲོལ་དེ་བཞིན་མིའི་བཟོས་པ་ཞིག་ཡིན་དུས་ནམ་ཞིག་ཏཱ་ལའི་བླ་མའི་སྒྲིག་སྲོལ་དེ་མཚམས་ཆད་སྲིད་པ་རེད་གསུངས།
དེ་ཡང་BBCགསར་འགྱུར་ལས་ཁང་གིས་༧གོང་ས་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་ལས་རིམ་ཞིག་འདི་ཚེས་༡༦ ཉིན་རྒྱང་བསྲིང་བྱས་ཡོད་པ་དང་། དེའི་ནང་གསར་འགོད་པས་་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མགོན་པོ་ཉིད་རྒྱལ་བ་སྐུ་ཕྲེང་མཐའ་མ་དེ་ཡིན་མིན་བཀའ་འདྲི་ཞུས་པར། ༧གོང་ས་ཆེན་པོ་མཆོག་གིས། ཏཱ་ལའི་བླ་མའི་སྐུ་ཕྲེང་ན་རིམ་མུ་མཐུད་ཕེབས་དགོས་མིན་ནི་བོད་མི་ཚོར་རག་ལུས་པ་ཞིག་རེད། མ་གཞི་ནས་ཏཱ་ལའི་བླ་མའི་སྒྲིག་སྲོལ་དེ་བཞིན་མིའི་བཟོས་པ་ཞིག་ཆགས་ཀྱི་ཡོད་དུས། ནམ་ཞིག་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་མཚམས་ཆད་སྲིད་པ་རེད། མ་འོངས་པར་ཏཱ་ལའི་བླ་མ་གླེན་པ་ཞིག་ཕེབས་ཏེ་ཞབས་འདྲེན་ཞུ་མཁན་དེ་འདྲ་ཡང་ཡོང་མི་སྲིད་པ་ཞིག་མིན་སྟབས། དེ་འདྲ་བྱུང་ན་ཐབས་སྐྱོ་པོ་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་ད་ལྟ་ཏཱ་ལའི་བླ་མར་མཚན་སྙན་ཆེན་པོ་ཡོད་པའི་སྐབས་འདིར། མི་ལོ་བརྒྱ་ཕྲག་འགའ་ཤས་ནས་ཡོད་པའི་རྒྱལ་བ་སྐུ་ཕྲེང་ན་རིམ་ཕེབས་སྲོལ་དེ་མཚམས་འཇོགས་བྱས་ན་ཡག་གི་རེད་ཅེས་བཀའ་ལན་གནང་འདུག  
ཡང་གསར་འགོད་པས། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་མཉམ་འབྲེལ་བ་དང༌། བསྟུན་མཁས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པའི་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། དབྱིན་ཇི་ལྟབུ་ནུབ་ཕྱོགས་ཡུལ་གྲུ་དངུལ་ལ་དགའ་མཁན་ཚོས་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་འཕེལ་རྒྱས་ཨང་གཉིས་པ་རྒྱ་ནག་རྒྱལ་ཁབ་དང་ལྷན་དུ་འབྲེལ་བ་བཟང་དུ་བཏང་རྒྱུ་དེ་ནི་དོན་དང་མཚུངས་པའི་སྲིད་ཇུས་ཞིག་རེད། འོན་ཀྱང་རྒྱ་ནག་ནང་མང་གཙོ་ཡོང་ཐབས་དང་། ཁྲིམས་ཀྱི་དབང་འཛིན་ཡོང་ཐབས། གསར་འགོད་རང་དབང་སོགས་ཡོང་ཐབས་སུ་ཤུགས་གནོན་རྒྱག་རྒྱུར་རྒྱལ་སྤྱིའི་མི་མང་ལ་བཟང་སྤྱོད་ཀྱི་འགན་འཁུར་ཡོད་པ་རེད་ཅེས་དང་།
བོད་ལ་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་བའི་སྲོལ་རྒྱུན་ལམ་ལུགས་ཡོད་ཀྱང་མང་པོ་ཞིག་གིས་རྒྱལ་བ་སྐུ་ཕྲེང་རྗེས་མ་དེ་རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་ངོས་འཛིན་བྱས་ཡོང་བསམ་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་༡༩༩༥ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཡང་རྒྱ་ནག་གཞུང་གིས་དེར་ངོས་ལེན་མ་གནང་བའི་ཐོག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཞན་ཞིག་འོས་འདེམས་བྱས་ཡོད་པ་རེད་ཅེས་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ངག་ཆོས་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎