ཁམས་སྐྱེ་རྒུ་མདོའི་ས་ཡོམ་འོག་འདས་གྲོངས་ཕྱིན་པར་མྱ་ངན།

ཨ་མདོ་རེབ་གོང་ཁུལ་གྱི་རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་ཕྱིན་པའི་བོད་མི་ཚོར་མྱ་ངན།

2010.04.21

༄༅༎བོད་མདོ་སྨད་ཨ་མདོ་རེབ་གོང་ཁུལ་གྱི་རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭས་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་ཕྱིན་པའི་བོད་མི་ཚོར་མྱ་ངན་ཞུས་འདུག

ན་གཞོན་གསར་པ་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཆིག་སྟོང་ལྷག་ཙམ་གྱིས་ཟླ་བ་འདིའི་ཚེས་༡༨ཉིན་སྐྱེ་རྒུ་མདོའི་ས་ཡོམ་ནང་རྐྱེན་འདས་སུ་ཕྱིན་པའི་བོད་མི་ཚོའི་ཆེད་དུ་མཆོད་མེ་ཕུལ་ནས་མྱ་ངན་ཞུས་ཡོད་ཅིང༌། གནས་ཚུལ་དེ་ཐོན་སའི་གོང་ཞུས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལྟར་ན། ཡུལ་གཅིག་ལ་གནོད་སྐྱོན་བྱུང་ན་ཕྱོགས་ཀུན་ནས་རོགས་སྐྱོར་བྱེད་པ་དང༌། ང་ཚོ་ཚང་མ་ནམ་ཡང་མཉམ་དུ་ཡོད་པའི་ཀུན་སློང་གཙང་མའི་ངོས་ནས་ཕྱི་ལོ་༢༠༡༠ལོའི་ཟླ་བ་༤པའི་ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤།༣༠ནས་༥།༣༠འི་བར་དང༌། ཡང་དགོང་མོའི་ཆུ་ཚོད་༧།༣༠ནས་༩པའི་བར་རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་༡༠༠༠ལྷག་གིས་རས་གཞིར་མིང་རྟགས་བཀོད་གནང་བ་དང་། མཆོད་མེ་ཕུལ་ནས་ཡུལ་ཤུལ་གྱི་རིགས་མཐུན་འདས་པ་ཚོར་སེམས་གཏིང་ནས་མྱ་ངན་ཞུ་ཞེས་བྲིས་གནང་འདུག ཡང་དྲ་རྒྱ་དེའི་ཐོག་སློབ་ཕྲུག་ཚོས་མྱ་ངན་ཞུ་བའི་པར་ཞིག་བཏོན་གནང་ཡོད་པ་དེ་ནི། སྐྱེ་རྒུ་མདོའི་འདས་པོ་ཚོར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་པའི་རྣམ་པ་མཚོན་ཆེད། སློབ་གྲྭའི་ཐང་སྟེང་དུ་སློབ་ཕྲུག་ཚོའི་ལག་ཏུ་མཆོད་མེ་རེ་བཟུང་སྟེ་བང་སྒྲིག་ནས་མཐའ་ལ་སྙིང་གི་བཟོ་ལྷ་དང་དཀྱིལ་དུ་མཆོད་མེ་ཕུལ་བའི་མཆོད་ཀོང་གི་འདྲ་གཟུགས་ཐོན་པའི་པར་ཞིག་ཀྱང་ན་གཞོན་གསར་པ་ཞེས་པའི་དྲ་རྒྱའི་ཐོག་བཏོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎