རྒྱ་གྲམ་དམར་པོའི་རོགས་ཚོགས་ནས་ཉི་ཧོང་ལ་ཞལ་འདེབས།

རྒྱ་ནག་ནང་དུ་ཡོད་པའི་རྒྱལ་སྤྱིའི་རྒྱ་འགྲམས་དམར་པོའི་རོགས་ཚོགས་ནས་ཉི་ཧོང་ལ་རྒྱ་མིའི་སྒོར་མོ་ས་ཡ་གཅིག་ཞལ་འདེབས་འབུལ་རྒྱུ།

2011.03.13

༄༅༎རྒྱ་ནག་ནང་དུ་ཡོད་པའི་རྒྱལ་སྤྱིའི་རྒྱ་འགྲམས་དམར་པོའི་རོགས་ཚོགས་ནས་ཉི་ཧོང་གི་ས་ཡོམ་གནོད་འཚེ་ཚབས་ཆེ་བྱུང་བ་དེར་ ཉི་ཧོང་གི་རྒྱ་འགྲམས་དམར་པོའི་རོགས་ཚོགས་རྒྱུད་ཛ་དྲག་གི་རོགས་དངུལ་རྒྱ་མིའི་སྒོར་མོ་ས་ཡ་གཅིག་ཞལ་འདེབས་ཕུལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

ད་དུང་རྒྱ་འགྲམས་དམར་པོའི་རོགས་ཚོགས་ནས་ཉི་ཧོང་གི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་དེའི་ནང་གོད་ཆག་ཕོག་པའི་མི་དམངས་ཚོར་གདུང་སེམས་ཉམས་སྐྱེད་དང་སེམས་གསོ་ཡོད་ཅེས་གསུངས་ཡོད་པ་མ་ཟད། ཁོང་ཚོས་མུ་མཐུད་ནས་གནོད་འཚེ་ཕོག་ཡུལ་དུ་རོགས་རམ་དགོས་ངེས་ཁག་ལ་མི་ཆོས་རིང་ལུགས་དང་མཐུན་པའི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་རེད། དེའི་དབར་ན། ཉི་ཧོང་གི་སྲིད་བློན་སྐུ་ཞབས་ན་ཨོ་ཏོ་ཀན་མཆོག་གིས་བརྙན་འཕྲིན་ཐོག་རྒྱལ་ཡོངས་སུ་གསུང་བཤད་གནང་བའི་སྐབས།  ད་རེས་ཚབས་ཆེ་བའི་ས་ཡོམ་གྱི་གོད་ཆགས་དེ་དང་དེས་རྐྱེན་བྱས་ཏེ་རྒྱ་མཚོའི་རྦ་རླབས་ཀྱི་གཡོ་འགུལ་ཆེ་བའི་གནོད་འཚེ་དེ་གཉིས་ཀྱིས་ཉི་ཧོང་གི་ས་ཁུལ་མང་ཆེ་བའི་ནང་གཏོར་ཚབས་ཆེན་པོ་བྱུང་བ་དང་འཛམ་གླིང་མི་དམངས་ཧ་སང་དགོས་པའི་ཉི་ཧོང་རྒྱལ་ཁབ་ནང་བྱུང་མྱོང་མེད་པའི་རང་འབྱུང་གི་གནོད་འཚེ་ཚབས་ཆེ་ཞིག་ཡིན་པ་གསུངས་ཏེ། གནོད་འཚེ་དེར་གདོང་ལེན་བྱ་རྒྱུར་མི་དམངས་མི་རེ་ངོ་རེས་གཞུང་དང་འབྲེལ་ཡོད་ལས་ཁང་ཁག་མཉམ་རུབ་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ་གནོད་འཚེ་དེ་ལས་རྣམ་པར་རྒྱལ་དགོས་པའི་བློ་སྟོབས་སྤེལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎