མཁན་པོ་དཀར་ཚེ་ལགས་བཙོན་ཁང་ནས་གློད་གྲོལ་བྱུང་འདུག


2016.07.15
མཁན་པོ་དཀར་ཚེ་ལགས་ཀྱི་ཉེ་པར་དང་འཇུ་བཟུང་སྐབས་ཀྱི་པར། ༢༠༡༦ མཁན་པོ་དཀར་ཚེ་ལགས་ཀྱི་ཉེ་པར་དང་འཇུ་བཟུང་སྐབས་ཀྱི་པར། ༢༠༡༦
བོད་འབྱོར།

དེ་ཡང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་འདྲ་པར་དང་བཅས་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་པར་ལྟར་ན། རྒྱ་ནག་གིས་བཙོན་འཇུག་བྱས་བསྡད་ཡོད་པའི་ཁམས་ཡུལ་ཤུལ་ཁུལ་ནང་ཆེན་ཇ་པ་དགོན་པའི་མཁན་པོ་དཀར་ཚེའམ་ཀརྨ་ཚེ་དབང་ལགས་༢༠༡༦་ལོའི་ཟླ་དྲུག་པའི་ཚེས་༤ཉིན་གློད་གྲོལ་བྱུང་འདུག
གནས་ཚུལ་ནང་ཁོང་ད་ཆ་གློད་གྲོལ་ཐོབ་ཡོད་སྐོར་བཀོད་ཡོད་པ་ལས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཇི་འདྲ་ཡོད་མིན་གསལ་ཁ་གཏོན་མི་འདུག འོན་ཀྱང་ཕྱི་ལོ་༢༠༡༤་ལོར་མཁན་པོ་དཀར་ཚེ་ལགས་སྐུ་གཟུགས་བདེ་མིན་གྱི་དཀའ་ངལ་དུ་མ་ཡོད་བཞིན་པའི་ཁར་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པ་དང་། བཙོན་ཁང་ནང་ཁོང་གི་གནས་སྟངས་ཐོག་ལ་སེམས་འཚབ་བྱ་མཁན་མང་པོས་གློད་གྲོལ་འབྱུང་རྒྱུར་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་འབོད་སྐུལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད།
མཁན་པོ་དཀར་ཚེ་ལགས་ཕྱི་ལོ་༢༠༡༣་ལོའི་ཕྱི་ཟླ་༡༢་པའི་ཚེས་༦་ཉིན་ཁྲིན་ཏུའུ་གྲོང་ཁྱེར་རུ་དགོན་པའི་ཆེད་སྐུ་འདྲ་བླུ་ཡོན་ཞུ་བར་ཕེབས་སྐབས། ཆབ་མདོ་ཁུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་བ་དང་། སྐབས་དེར་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་མང་དང་། ས་གནས་མི་མང་གིས་མཁན་པོ་དཀར་ཚེ་འཇུ་བཟུང་ལ་ངོ་རྒོལ་དང་གློད་གྲོལ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་མིན་ལ་མ་བལྟོས་བར། ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ཉེས་མིང་བཏགས་ཡོད་པ་དང་། ཕྱིས་སུ་ཉེས་ཅན་སྦས་སྐུང་བྱས་པའི་ཉེས་མིང་འོག་ཆབ་མདོ་ས་ཁུལ་གྱི་ཁྲིམས་ཁང་ཞིག་གིས་གསང་བའི་ཐོག་ནས་ལོ་གཉིས་དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
སྤྱི་ཚོགས་འཕྲིན་ལམ་དུ་མཁན་པོའི་སྐུ་པར་དང་མཉམ་འཕྲིན་ཐུང་ཞིག་སྤེལ་ཡོད་པའི་ནང་། ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་བསླེབས་ཡོད། ཞེན་དྲག་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆོས་དང་ལྷ་ཡུལ་གྱི་སྒེར་ཆོས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིགས་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག ཅེས་འཁོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎