དབུས་བོད་ཀྱི་གཞོན་ནུ་ཚོཊ་པ་དང་གྲོས་མོལ་འགྲིག་མཐུན་བྱུང་བ།


2016.08.08
རྒྱ་གར་ལྷོ་ཕྱོཊ་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་དང་དབུས་གཞོན་ནུ་ལྷན་ཚོཊ། ༢༠༡༦།༧།༥ རྒྱ་གར་ལྷོ་ཕྱོཊ་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་དང་དབུས་གཞོན་ནུ་ལྷན་ཚོཊ། ༢༠༡༦།༧།༥
མཐུན་འགྱུར་པར་རིས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུས་འོས་ཤོག་བླུགས་པའི་ལམ་ནས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་གནས་རྒྱུའི་ཐག་གཅོད་བྱུང་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཀྱིས་ཕྱི་ཚེས་༨་ཉིན་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞོན་ནུ་ཚོགས་པས་འོས་ཤོག་འཕངས་པ་བརྒྱུད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་བའི་ཉིན་གཅིག་གི་རྗེས་སུ་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུས་ཀྱང་དེ་དང་གཅིག་མཚུངས་ཀྱིས་འོས་ཤོག་འཕངས་པའི་ལམ་ནས་དབུས་གཞོན་ནུའི་སྒྲིག་འཛུགས་འོག་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་ཅེས་གསུངས་བྱུང་།
བྷེང་ལོར་དང་མོན་གྷོ་ས་གནས་གཞོན་ནུ་ཚོགས་པ་དེ་གཉིས་ནི་ཕྱི་ལོ་༢༠༡༣་ལོར་གཞོན་ནུའི་སྒྲིག་འཛུགས་རང་བཙན་ལངས་ཕྱོགས་ནས་དབུ་མའི་ལམ་ལ་བསྐྱོད་དགོས་ལུགས་སྐོར་གྱི་ལངས་ཕྱོགས་འདོན་མཁན་ས་གནས་གཞོན་ནུ་ཚོགས་པ་ཁག་བརྒྱད་ཀྱི་ནང་ནས་གཉིས་ཡིན་ཞིང་། དེར་བརྟེན་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གོང་ཞུས་ས་གནས་ཀྱི་ཚོགས་པ་དེ་དག་གི་དབར་མི་མཐུན་པའི་འགལ་རྐྱེན་སྣ་ཚོགས་བྱུང་སྟེ་མཐར་དབུས་བོད་ཀྱི་གཞོན་ནུའི་སྒྲིག་ཁོངས་ནས་ཕྱིར་ཐོན་པ་རེད།
ད་རེས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ་གཉིས་ས་གནས་སུ་ཕེབས་པ་བརྒྱུད་གྲོས་མོལ་དང་མང་མོས་འོས་འཕངས་པའི་ལམ་ནས་མོན་གྷོ་ས་གནས་གཞོན་ནུ་དང་  བྷེང་ལོར་ས་གནས་གཞོན་ནུ་གཉིས་ནས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་གནས་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎