རྒྱ་ནག་གི་འགོ་ཁྲིད་ཧུའུ་ཅིན་ཐའོའི་བུ་ཐའེ་ལྦན་ལ་ཕྱོགས་བསྐྱོད།
2010.07.28
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོའི་བུ་ཧུ་ཧའེ་ཕེང་གིས་ཟླ་བ་འདིའི་འགོ་སྟོད་གསང་བའི་སྒོ་ནས་ཐའེ་ལྦན་ལ་ཕྱོགས་སྐྱོད་བྱས་ཡོད་སྐོར་ཐའེ་ལྦན་གྱི་བདུན་རེའི་གསར་དེབ་ནང་དེ་རིང་གནས་ཚུལ་བཀོད་འདུག།
ཧུ་ཧའེ་ཕེང་དང་དེ་མིན་རྒྱ་ནག་གི་མཐོ་རིམ་ལས་བྱེད་པ་ཞིག་ཟླ་བ་འདིའི་ཚེས་༡༨ཉིན་ཐེ་ཝན་ལ་འབྱོར་ནས་སོ་ནམ་ཞིང་ལས་མཁས་པ་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པ་རེད། ཡང་གོང་ཞུས་གསར་དེབ་དེའི་ནང་མུ་མཐུད་གནས་ཚུལ་བཀོད་པར་གཞིགས་ན། ཐེངས་འདིའི་ཧུ་ ཧེ་ཕེང་གི་ཕྱོགས་སྐྱོད་དེ་གསང་བ་བཞག་དགོས་དོན་ནི། ཉེ་ལམ་ཕྱི་ཟླ་༥པའི་ནང་ཁོང་ཐའེ་ལྦན་ནང་ཤེས་ཡོན་མི་སྣའི་ཞུགས་མོལ་ལྷན་ཚོགས་ཤིག་ཐོག་ཡོང་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་རེད།
ཧུའུ་ཅིང་ཐའོའི་བུ་ཧུ་ཧེ་ཕིང་ནི་རྒྱ་ནག་ལྷོ་ཤར་ཀྲེ་ཅང་ཞིང་ཆེན་ནང་གི་ཚིང་ཧུའ་གཙུག་ལག་སློབ་གྲྭའི་འགན་འཛིན་མི་སྣ་གཙོ་གྲས་ཤིག་ཡིན་པ་དང༌། ད་རེས་ཐའེ་ལྦན་དབུས་ཕྱོགས་རྒྱལ་ཡོངས་ཅུང་ཤིང་གཙུག་ལག་སློབ་གྲྭ་ཆེན་མོའི་རྩི་ཤིང་གི་ནད་རིགས་བརྟག་དཔྱད་ཚན་པའི་འགན་འཛིན་ཚེ་ཏུང་ཚུའན་དང་མཉམ་དུ་ཞིང་ལས་འཕྲུལ་རིགས་ལགས་རྩལ་བརྗེ་རེས་སྐོར་གྲོས་མོལ་བྱས་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག།
ཧུ་ཧེ་ཕིང་ད་རེས་ཐའེ་ལྦན་ནང་འབྱོར་ཡག་དེ། རྒྱ་ནག་གི་འགོ་ཁྲིད་ཀྱི་བུ་རྩ་ཡིན་པའི་ཆ་ནས་། མ་ཡིང་ཇུ་ཡིས་ཐའེ་ལྦན་གྱི་སྲིད་འཛིན་གྱི་གོ་གནས་འཛིན་པ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོའི་དཔོན་རིགས་རིམ་པ་མཐོ་བ་། ཐའེ་ལྦན་ནང་སླེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།