གནད་འགག་ཆེ་བའི་རིགས་བཀོད་སྤེལ་མི་ཆོག་པའི་དམ་དྲག


2014.06.19
༢༠༠༦ལོར་རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་ལ་འབྲེལ་ཡོད་ཚན་པས་ཕྱི་རྒྱལ་གསར་འགོད་པར་ཉེན་བརྡ་གཏོང་བཞིན་པ། ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ལ་སྡོད་ཆོག་པའི་མཐོང་མཆན
པར། AFP

རྒྱ་ནག་ནང་གསར་འགོད་པ་ཚོར་གཞུང་འབྲེལ་བཀའ་འཁྲོལ་མེད་པར་གསར་འགྱུར་བཀོད་སྤེལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གི་གསར་འགོད་ལས་རིགས་མི་སྣས་རྒྱ་ནག་གཞུང་འབྲེལ་ཚན་པའི་ལས་ཁུངས་ཀྱི་བཀའ་ཁྲོལ་མེད་པར་གང་བྱུང་གིས་གསར་འགྱུར་ནང་གནད་འགག་ཆེ་བའི་གནས་ཚུལ་རིགས་འགོད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ལྷག་པར་གསར་འགྱུར་བརྒྱུད་ལམ་ཁག་ཕན་ཚུན་དབར་དམའ་འབེབས་ཀྱི་རིགས་སྤེལ་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་པ་ནི་གཙོ་བོ་གསར་འགོད་པར་དངུལ་སྤྲད་ནས་གསར་འགྱུར་བཀོད་བཅུག་པ་དང་།  གསར་འགྱུར་རྫུན་མ་མཁོ་སྤྲོད་བྱེད་པ་སོགས་ཀྱི་གནས་ཚུལ་མི་ཡོང་བའི་ཆེད་དུ་ཡིན་པ་རྒྱ་ནག་གི་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་བཀོད་འདུག གལ་ཏེ་གནས་ཚུལ་དེའི་རིགས་བྱུང་བ་ཡིན་ན་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་གྱི་ཡོད་སྟབས་གསར་འགོད་པའི་ལག་འཁྱེར་གཞུང་བཞེས་གཏོང་རྒྱུ་མ་ཟད། རྒྱ་ནག་གཞུང་འཛིན་ཚོགས་པའི་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ལུགས་ཡང་གནས་ཚུལ་སྤེལ་ཡོད་པ་རེད།  དེ་བཞིན་རྒྱ་ནག་གཞུང་གི་དྲ་རྒྱའི་བརྒྱུད་ལམ་ནང་དཀྲོག་གཏམ་སྤེལ་བ་ཡིན་ན་མ་མཐར་ཡང་ལོ་གསུམ་གྱི་བཙོན་འཇུག་བྱེད་རྒྱུའི་གསལ་བསྒྲགས་ཡང་བྱས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎