སྐུ་ཚབ་དོན་གཅོད་མཆོག་གིས་ཊོར་བྷེན་དུ་ཕྱོཊ་བསྐྱོད་གནང་འདུག


2017.03.03
ལྷོ་ཨ་ཧྥེ་རི་ཀའི་བོད་ཀྱི་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས་གྲོང་ཁྱེར་Durban་ནང་ཕྱོགས་བསྐྱོད་སྐབས། ༢༠༡༧།༢།༢༧ ལྷོ་ཨ་ཧྥེ་རི་ཀའི་བོད་ཀྱི་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས་གྲོང་ཁྱེར་Durban་ནང་ཕྱོགས་བསྐྱོད་སྐབས། ༢༠༡༧།༢།༢༧
tibet.net

ལྷོ་ཨ་ཧྥེ་རི་ཀའི་བོད་ཀྱི་དོན་གཅོད་མཆོག་གིས་གྲོང་ཁྱེར་Durban་ནང་དུ་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པ་སྲ་བརྟན་ཡོང་ཐབས་གནང་འདུག
དེ་ཡང་ལྷོ་ཨ་ཧྥེ་རི་ཀའི་བོད་ཀྱི་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས། ཡུལ་དེའི་གྲོང་ཁྱེར་Durban་དུ་སྤྱི་ཟླ་༢་པའི་ཚེས་༢༤་ནས་༢༦་བཅས་ཉིན་གྲངས་གསུམ་རིང་འཚམས་གཟིགས་ལ་ཕེབས་ཏེ། བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་སྲ་བརྟན་རྒྱུན་སྐྱོང་ཡོང་ཐབས་གནང་ཡོད་ཅིང་། འཚམས་གཟིགས་འདི་ནི་Durban་ནང་དུ་ལོ་ངོ་༢༠་གོང་ནས་བཙུགས་པའི་གཞུང་འབྲེལ་མིན་པའི་ཁེ་མེད་ཚོགས་པ་Tibetan Society of South Africa་འམ་བོད་རིགས་མཐུན་ཚོགས་ཞེས་པས་གོ་སྒྲིག་གནང་འདུག
སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས་ཐོག་མར་ཁུལ་དེའི་ACCORD་འམ་རྩོད་རྙོག་འདུམ་སྒྲིག་ཁང་ཞེས་པ་དེར་འཚམས་གཟིགས་ཕེབས་ཡོད་ཅིང་། རྩོད་རྙོག་འདུམ་སྒྲིག་ཁང་དེ་ནི་ཨ་ཧྥེ་རི་ཀ་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་ནང་དུ་གཙོ་གལ་ཆེ་བའི་ཉམས་ཞིབ་དང་། རྩོད་རྙོག་འདུམ་སྒྲིག་གི་ལྟེ་གནས་ཞིག་ཡིན་པ་རེད།
སྐབས་དེར་དོན་གཅོད་མཆོག་གིས་འདུམ་སྒྲིག་ཁང་དེའི་འགན་འཛིན་གཞོན་པ་Jerome་ལགས་དང་མཇལ་འཕྲད་གནང་སྟེ། འདུམ་སྒྲིག་ཁང་དེ་ནས་དེ་སྔ་སློབ་ཡོན་ལས་གཞིའི་འོག་བོད་མིི་གཞོན་སྐྱེས་ཁག་ཅིག་ལ་ཟབ་སྤྱོང་གི་གོ་སྐབས་གནང་པའི་ཐད་ལ་གོ་བསྡུར་གནང་ཡོད་པ་མ་ཟད། དེ་རྗེས་གྷན་དྷི་ཡར་རྒྱས་ཐེབས་རྩ་ཁང་དུ་ཕེབས་ནས་མེས་པོ་དམ་པ་གྷན་དྷིའི་ཚ་མོ་ཨེ་ལ་གྷན་དྷི་ལགས་དང་མཇལ་འཕྲད་གནང་རྗེས་ཚ་མོས་དོན་གཅོད་མཆོག་ཌར་སྦན་ནས་རྒྱང་ཐག་སྤྱི་ལེ་༤༠་ཙམ་གྱི་སར་ཆགས་པའི་མེས་པོ་དམ་པ་གྷན་དྷི་མཆོག་གི་དྲན་རྟེན་འགྲེམས་སྟོན་ཁང་དུ་གདན་ཞུ་གནང་འདུག
ཉིན་གཉིས་པར་དོན་གཅོད་མཆོག་གིས་ཌར་སྦན་གྲོང་ཁྱེར་དུ་གོ་ལའི་ཐོག་མཐོ་སྒང་བོད་ཀྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག སྐབས་དེར་ལྗང་ཁུ་ཚོགས་པ་དང་། རྒྱལ་སྤྱིའི་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་པ་སོགས་ཚོགས་སྐྱིད་འདྲ་མིན་ནས་ཁྱོན་མི་གྲངས་༣༥་ལྷག་ཕེབས་ཡོད་འདུག
ཉིན་མཐའ་མའི་སྐབས་དོན་གཅོད་མཆོག་གིས་ལྷོ་ཨ་ཧྥེ་རི་ཀའི་བོད་རིགས་མཐུན་ཚོགས་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་དང་ཐུག་འཕྲད་གནང་ནས ཁོང་རྣམ་པས་ད་བར་བོད་དོན་ལ་ལྷག་བསམ་རྣམ་དག་ཐོག་ནས་ལོ་མང་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་བོད་པའི་བུད་མེད་ཀྱི་ངག་བཅད་གྱེན་ལངས་ཞེས་པའི་གློག་བརྙན་བསྟན་གཟིགས་འབུལ་ཞུས་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎