བཀའ་ཤག་གི་གསལ་བཤད་ལ་ད་ལྟའི་ཆར་འགྲེལ་བཤད་གང་ཡང་མེད།


2017.11.10
བཀའ་ཤག་གི་གསལ་བཤད་ལ་ད་ལྟའི་ཆར་འགྲེལ་བཤད་གང་ཡང་མེད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་།
དབུས་བོད་མིའི་སྒྲིག་འཛུགས།

༄༅། །ཚེས ༩ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་གྱི་གསལ་བཤད་ཐད་ད་ལྟ་འགྲེལ་བརྗོད་གནང་གི་མིན། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་ལ་འཐུས་ཤོར་གང་ཡང་ཕྱིན་མེད། ཅེས་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་འདུག།
ད་ལྟའི་ལས་ཐོག་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལས་དོན་ཕྱོགས་ཕེབས་ཀྱི་དགོས་དབང་ལ་བརྟེན་ནས། རྒྱལ་ས་ཝ་ཞིན་ཀྲོན་དུ་ད་ལྟ་བཞུགས་མེད་ཀྱང་། འདི་ག་རླུང་འཕྲིན་ཁང་གིས་ཞལ་པར་བརྒྱུད་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་གྱི་གསལ་བཤད་ཐད་དགོངས་ཚུལ་བཀའ་དྲི་ཞུ་སྐབས། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ད་ལྟ་གང་ཡང་གསུང་རྒྱུ་མེད། སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོང་བཞིན་པར་ལྷིང་འཇགས་ཡོང་བའི་རེ་སྐུལ་གནང་གི་འདུག་ལ། ཁོང་གིས་ད་ལྟའི་བར་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་བཞེས་པའི་དུས་རིང་ལས་དོན་ཚང་མ་དྲང་པོ་དྲང་བཞག་ངང་བསྒྲུབས་གནང་ཡོད་པ་དང།  ལས་དོན་ལ་འཐུས་ཤོར་གང་ཡང་ཕྱིན་མེད་པ་གསུངས་པ་དང་ཆབས་ཅིག། ལས་དོན་གྱི་ནང་ནས་གྲུབ་འབྲས་ལེགས་ཤོས་ཤིག་ནི། ད་ལོའི་ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནེན་སི་པིལོ་སི་མཆོག་གི་དབུས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བརྒྱད་དྷ་རམ་ས་ལར་ཕེབས་ཐུབ་པ་བྱུང་ཡོད་པ་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་གཉིས་ཐུན་མོང་ཐོག ད་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དེ་ཨ་རིའི་གྲོས་ཚོགས་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་༡༠ ལྷག་དང་། གཞན་བོད་དོན་རྒྱབ་སྐྱོར་བའི་གནད་ཡོད་མི་སྣ་སུམ་བརྒྱ་ལྷག་འཛོམས་པའི་ཐོག་སྲུང་བརྩི་ཞུས་གནང་ཡོད་པ། གཞན་ད་ལྟ་ཁོང་ད་རེས་ཟླ་མཇུག་ནས་ལས་མཚམས་འཇོག་དགོས་ཆགས་ཡོད་ནའང་། བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་ཟླ་ ༡༢ པའི་ཚེས་ ༡༠ ཉིན་བོད་དོན་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་གཏན་འཁེལ་བའི་གྲ་སྒྲིག་འཐུས་ཚང་གནང་ཡོད་པ། དེ་བཞིན་ད་ལོར་ཨ་རིའི་བོད་དོན་ཆེད་རོགས་དངུལ་མཚམས་འཇོག་སྐོར་ལ་ལས་དོན་རིམ་པ་སྤེལ་ནས་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དོན་རོགས་དངུལ་དེ་མུ་མཐུད་གནང་རྒྱུའི་ཁས་ལེན་ཐོབ་ཡོད་ཅེས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎