འབར་མའི་ནང་ཡུལ་མི་མང་པོ་དཀའ་ངལ་ནང་ཚུད་ཡོད་པ།
2011.03.27
༄༅༎ཉིན་གསུམ་གོང་འབར་མ་དང་ཐའེ་ལེནྚི་ ལའོསེ་བཅས་ཀྱི་ས་མཚམས་སུ་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་བརྒྱད་རྒྱབ་སྟེ་ད་བར་ཡུལ་མི་༡༥༠རྐྱེནལམ་དུ་ཕྱི་ཡོད་པ་མ་ཟད་གོད་ཆགས་ཧ་ཅང་ཆེན་པོ་བྱུང་ཡོད་འདུག གཞུང་གིས་ད་བར་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་༧༥ཡིན་ལུགས་བརྗོད་ཡོད་ཀྱང་རྒྱ་གྲམ་དམར་པོའི་ལས་བྱེད་པ་མིང་འདོན་གནང་འདོད་མེད་པ་ཞིག་གིས་ད་བར་ཉུང་མཐར་ཡུལ་མི་༡༥༠ཙམ་རྐྱེན་ལམ་དུ་ཕྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཡང་ཅེ་རི་ཊི་ལྦོལྚི་ལྦིཤོན་(Charity World Vision)ཞེས་པའི་རྒྱལ་སྤྱིའི་རོགས་ཚོགས་ཀྱིས་ས་ཡོམ་གྱི་གོད་ཆག་ནང་ཉུང་མཐར་ཡུལ་མི་༡༥༠༠༠དཀའ་ངལ་ནང་ཚུད་ཡོད་འདུག ཕྱི་ལོ་༢༠༠༨ལོའི་ས་ཡོམ་སྐབས་དྲག་པོའི་གཞུང་གིས་མི་མང་སྲུང་སྐྱོབ་ཚུལ་བཞིན་མ་བྱས་པའི་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་རེད། དེ་ལོ་ཡུལ་མི་ཆིག་འབུམ་གསུམ་ཁྲི་བརྒྱད་སྟོང་ཤི་བའམ་གར་སོང་ཆ་མེད་དུ་གྱུར་པ་རེད། འོན་ཀྱང་ད་ལོ་དྲག་པོའི་གཞུང་གིས་མི་མང་ལ་རོགས་སྐྱོང་གནང་ཡོང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཐེངས་འདིའི་ས་ཡོམ་ས་མཚམས་ཀྱི་ས་ཁུལ་ཏར་ལེ་དང་མོངྒ་ལིན་གཉིས་དུ་བྱུང་ཡོད་འདུག གནས་ཚུལ་ནང་ཐོན་པར་གཞིགས་ན་ ཏར་ལེ་གཅིག་པོར་ཨ་རིའི་ཌོ་ལར་ས་ཡ་བཞི་དང་ཕྱེད་ཀ་ཙམ་གྱི་གོད་ཆགས་བྱུང་ཡོད་འདུག།