གུང་སེང་སྐབས་ཟུར་སློབ་བྱ་རྒྱུར་དམ་བསྒྲགས།

མདོ་སྨད་མཚོ་སྔོན་ཞིང་ཆེན་དང་། ཁམས་ནང་ཆེན་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་བོད་རིགས་སློབ་མ་ཚོར་སློབ་གྲྭའི་གུང་སེང་སྐབས་སུ་ཟུར་དུ་དགེ་རྒན་བསྟན་ནས་སློབ་ཁྲིད་བྱ་རྒྱུར་དམ་བསྒྲཌ་བྱེད་ཀྱི་འདུག

2012.12.20

༄༅།    །བོད་ནས་འབྲེལ་ཡོད་མི་སྣས་འདི་་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་འདོན་གནང་བར་གཞིགས་ན། དེ་སྔ་སློབ་གྲྭའི་གུང་སེང་སྐབས་ས་གནས་དགོན་ཁག་གི་དགེ་འདུན་པ་ཚོས་རིན་མེད་ཐོག་བོད་རིགས་སློབ་མ་ཚོར་སྐད་ཡིག་སློབ་ཚན་འཁྲིད་པ་དང་། ཡང་སློབ་གྲྭ་ཐོན་པའི་ཤེས་ཡོན་ཅན་གྱི་མི་སྣ་ཁག་གིས་སློབ་ཡོན་ཉུང་ཉུང་ལེན་ཏེ།    ཟུར་དུ་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་། འདི་ལོ་རྒྱ་ནག་གཞུང་གིས་དགེ་རྒན་ཁག་ལ་ཟུར་དུ་སློབ་ཁྲིད་བྱ་རྒྱུར་དམ་བསྒྲཌ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག


མདོ་སྟོད་སྨད་གཉིས་གཙོ་བོ་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ལ་ཕྱི་ལོ་༢༠༠༩ནས་འགོ་འཛུགས་ཀྱིས་ད་ལྟའི་བར།        བོད་མི་བརྒྱ་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་ཤུལ་མེད་བཟོ་གཞིའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས། རང་གི་གཅེས་པའི་ལུས་སྲོག་བློད་བཏང་གིས་ངོ་རྒོལ་བྱས་ཡོད་པ་དང་། མི་མང་གི་ངོ་རྒོལ་བྱ་དགོས་པའི་གཞི་རྩ་གཙོ་བོ་ཞིག་ནི། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྲོག་རྩ་འདྲ་བའི་སྐད་ཡིག་འདི་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་དེ་ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་། བོད་མིའི་མངོན་འདོད་ལ་བསམ་ཤེས་གང་ཡང་མེད་པར་སློབ་གྲྭ་ཁག་ནང་བོད་ཡིག་སློབ་ཁྲིད་བྱ་རྒྱུའི་དུས་ཚོད་ཉུང་དུ་བཏང་བས་མ་ཟད། ད་ཆ་སློབ་གྲྭའི་གུང་སེང་སྐབས་སུའང་བོད་རིགས་སློབ་མ་ཚོར་ ཟུར་དུ་དགེ་རྒན་བསྟན་ཏེ་སློབ་ཁྲིད་བྱ་རྒྱུར་ཡང་དམ་བསྒྲཌ་བྱ་འགོ་བཙུགས་ཡོད་འདུག།





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎