རྒྱ་གར་དུ་ཕྱིན་ན་ས་ཞིང་གཞུང་བཞེས་གཏང་རྒྱུ།

གཞིས་ཀ་རྩེར་ནང་མི་གཅིག་རྒྱ་གར་ལ་ཕྱིན་ཚེ། ནང་མི་ཡོངས་ཀྱི་ས་ཞིང་གཞུང་བཞེས་གཏང་རྒྱུ་དང་། ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་གཏང་རྒྱུ། དེ་བཞིན་ཐེམ་ཐོ་མེད་པ་བཟོ་རྒྱུའི་ཉེན་བརྡའི་བརྡ་ཐོ་ཞིག་བཏང་འདུག

2012.12.14

༄༅།ས་གནས་རྒྱ་ནག་གཞུང་གིས་གཞི་ཀ་རྩེ་ཁུལ་གྱི་གྲོང་རྡལ་ཁག་གི་བོད་མི་རྣམས་ལ་གལ་ཏེ་ནང་མི་གཅིག་རྒྱ་གར་ལ་ཕྱིན་ཚེ།    ནང་མི་ཡོངས་ཀྱི་ས་ཞིང་གཞུང་བཞེས་གཏང་རྒྱུ་དང་།    ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་གཏང་རྒྱུ། དེ་བཞིན་ཐེམ་ཐོ་མེད་པ་བཟོ་རྒྱུའི་ཉེན་བརྡའི་བརྡ་ཐོ་ཞིག་འདི་ཟླའི་ཚེས་༦ཉིན་བཏང་ཡོད་པའི་གནས་ཚུལ་འདུག གཞི་རྩེའི་ས་གནས་རྣམ་གླིང་རྫོང་གཙོས་པའི་རྫོང་ཁག་བཅོ་བརྒྱད་ཡོད་པ་ཡོངས་རྫོགས་ལ་བརྡ་ཐོ་དེ་བཏང་འདུག


བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་༡༡ཚེས་༣༠ནས་ཕྱི་ཟླ་༡༢ཚེས་༡༣བར་རྒྱ་གར་ལྷོ་ཕྱོཌ་མོན་གྷོ་འདོད་རྒུ་གླིང་གི་དཔལ་ལྡན་དགའ་ལྡན་དང་འབྲས་སྤུང་དགོན་ཆེན་ནང་ལམ་རིམ་ཆེན་མོའི་གསུང་ཆོས་བཀྲིན་བསྩལ་སྐབས།    བོད་ནས་བོད་མི་འགྲོ་བསྐྱོད་ལ་བཀག་འགོག་བྱེད་ཕྱིར་བོད་མིའི་ཕྱིར་བསྐྱོད་ལག་ཁྱེར་སྔོན་ནས་བསྡུ་རུབ་བྱས་ཡོད་པ་རེད།    དེ་སྔ་ཆ་མཚོན་པ་ཡིན་ན།    ཕྱི་ལོ་༢༠༡༡ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས།    ཆེད་བཅར་ཞུས་པའི་བོད་མི་རྣམས་ཕྱིར་ལོག་སྐབས་དགག་སྒོ་ནས་ལྕ་དངོས་བསྔོགས་བཤེར་དང་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་ཀྱང་བྱས་ཡོད་པ་རེད༎










བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎