བོད་དོན་ཐད་ཀེ་ན་ཌའི་ཆབ་སྲིད་ཚོགས་པ་ཚོས་རྒྱབ་སྐྱོར་ཆེན་པོ་འདུག སྲིད་སྐྱོང་མཆོག་གིས།

2022.05.07
བོད་དོན་ཐད་ཀེ་ན་ཌའི་ཆབ་སྲིད་ཚོགས་པ་ཚོས་རྒྱབ་སྐྱོར་ཆེན་པོ་འདུག སྲིད་སྐྱོང་མཆོག་གིས། ཟླ་འདིའི་ཕྱི་ཚེས་༠༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཊོ་རོན་ཊོ་གངས་ལྗོངས་ཆོས་ལྡན་གླིང་དུ་ཕེབས་སྐབས།
ཨོ་རྒྱན།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཀེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ནང་ཕེབས་པའི་སྐབས། ཁ་ན་ཌའི་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་གནས་སྟངས་གཟིགས་ཡོད་པས་མ་འོངས་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་ཆེད་ཕྱག་ལས་གནང་རྒྱུ་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་ཀེ་ན་ཌའི་གསར་འགོད་པ་ཨྱོན་ལགས་ཀྱི་བཀའ་འདྲི་ཞུ་སྐབས་གསུངས་འདུག

སྲིད་སྐྱོང་མཆོག་བྱང་ཨ་རིའི་ཁུལ་གྱི་ལས་འཆར་ཁོངས་ནས་གཟའ་སྤེན་པའི་ཉིན་ཀེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཕེབས་ཡོད་པ་དང་། དེའི་གོང་ཀེ་ན་ཌའི་རྒྱལ་སའི་ཁུལ་དུ་དུས་ཡུན་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་སྐབས་། ཀེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་པ་དང་ལྷན་དུ། བོད་དོན་དང་འབྲེལ་བའི་བཀའ་མོལ་ལྷུག་པོ་བྱུང་བ་དང་། དེ་བཞིན་ཀེ་ན་ཌའི་ཕྱི་སྲིད་དཔོན་རིགས་རྣམས་དང་ལྷན་དུ་བོད་དོན་ལ་རྒྱབ་སྐྱོར་དང་བོད་པར་རོགས་དངུལ་གནང་ཕྱོགས་སོགས་ཀྱི་ཐོག་ལ་ཡང་བཀའ་བསྡུར་བྱུང་ཡོད་པའི་སྐོར་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་གནང་གི་འདུག
སྤྱིར་དེང་སྐབས་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་དང་ལྷག་པར་དུ་ར་ཤི་ཡས་ཡུཀ་རེན་ལ་བཙན་འཛུལ་དམག་འཐབ་སོགས་ཀྱི་རྐྱེན་པས་རྒྱལ་སྤྱིའི་ནང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་རྒྱ་ནག་ལ་དོགས་ཟོན་དང་མི་དགའ་བའི་རྣམ་པ་ཞིག་ཡོད་པར་བརྟེན་ནས། བོད་དོན་ཐོག་དེ་བས་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་གནང་འདུག
སྲིད་སྐྱོང་མཆོག་གིས་ཀེ་ན་ཌའི་གྲོས་ཚོགས་གོང་འོག་དང་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་མཇལ་འཕྲད་ཀྱི་ལས་རིམ་ཁག་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཀེ་ཎེ་ཌའི་བོད་དོན་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་ཡོད་པ་རེད་འདུག
གསར་འགོད་པ། འཆི་མེད། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎