བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་ཅིག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་(Metroplitan Museum)འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་ཡོད་པ།

2024.09.28
བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་ཅིག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་(Metroplitan Museum)འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་ཡོད་པ། བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་ཅིག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་(Metroplitan Museum)་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་བཞིན་པ། ༢༠༢༤ ཟླ་ ༩ ཚེས་ ༡༩
Lobsang Chophel Jolep/ RFA

བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་ ༢༡ ཕྱི་ཟླ་ ༩ ཚེས་ ༡༩ ནས་བཟུང་ ༢༠༢༥ ཟླ་ ༡ ཚེས་ ༡༤ བར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་སྙན་གྲགས་ཆེ་བའི་ (Metroplitan Museum) སྒྱུ་རྩལ་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་བཞིན་ཡོད་ཅིང་།  ཁོང་གིས་རི་མོ་དེ་དག་གི་བརྒྱུད་ནས་ཁོར་ཡུག་དང་ཆབ་སྲིད་སོགས་ཀྱི་གནས་སྟངས་བརྗོད་གཞི་གཙོ་བཟུང་གིས་ལོ་ངོ་ལྔའི་རིང་བྲིས་པའི་རི་མོ་དེ་དག་དཀྱིལ་འཁོར་གྱི་རྣམ་པའི་སྒོ་ནས་འགྲེམས་སྟོན་བཞིན་ཡོད་འདུག  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བསྟན་འཛིན་རིག་གྲོལ་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎