ཨ་རིར་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོཌ་པའི་སྐུལ་མ།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།

2010.04.27

༄༅༎ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་གློད་བཀྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་གི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་རིང་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་ལྷོ་ཕྱོགས་སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་ལྟེ་གནས་ཁང་གིས་ཕེ་རིན་སི་གསར་འགྱུར་ལས་ཁང་ལ་གསུང་པར། སོག་པོའི་མི་རིགས་ཡིན་པ་སོརྡ་མོང་གོལ་Sodmongolཞུ་བ་འདི་ག་ཨ་མི་རི་ཀར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་བར་ཕྱི་ཟླ་བཞི་པའི་ཚེས་༡༨ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་ཐང་དུ་གནམ་གྲུ་སྒུག་སྡོད་བྱེད་པའི་སྐབས་འཛིན་བཟུང་བྱས་པ་དང༌། ད་དུང་ཡང་ཁོང་རྒྱ་ནག་གཞུང་གིས་ས་གནས་གང་དུ་འཛིན་བཟུང་དོ་དམ་བྱས་ཡོད་མེད་དང༌། ཁོང་གི་གནས་སྟངས་གང་འདྲ་ཡོད་མེད་སྐོར་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད་ཅེས་དང༌། ཁོང་རྒྱ་ནག་གཞུང་གིས་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་ལ། ང་ཚོ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མིའི་མི་འབོར་ཞིབ་བཤེར་ཁང་གཉིས་དང་མཉམ་ལས་གནང་མུས་ཡིན་ཞེས་གསུང་ཡོད་པ་རེད། དེ་བཞིན་ཁོང་ཚོའི་དྲ་རྒྱའི་ཐོག་ལའང་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ལོ་ན་༤༥ཡིན་པའི་སོརྡ་མོང་གོལ་Sodmongol གིས་རྒྱ་ནག་ནང་དུ་སོག་པོ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པར་བརྟེན་ནས། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་ལུང་སོ་སོའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་གནད་དོན་ཐོག་ལྷན་ཚོགས་ཚོགས་བཅར་བྱེད་པར་ཡོང་བའི་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད། སོག་པོའི་མི་རིགས་ཚོས་རྒྱ་ནག་གཞུང་ནས་ཁོང་ཚོའི་རིག་གཞུང་དང་ཆབ་སྲིད་ཀྱི་ཐོག་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་པ་མ་ཟད། འཛམ་གླིང་སྤྱི་ཚོགས་ཀྱིས་བོད་དང་ཤིང་ཅང་གི་དཀའ་རྙོག་ཐོག་ལ་དོ་སྣང་བྱེད་པ་བཞིན་སོག་པོའི་ཐོག་ལ་དེ་ལྟ་བུའི་དོ་སྣང་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎