ཐེ་དབན་བོད་མིས་རིན་པོ་ལ་སྣེ་ལེན།


2013.09.06
ཐེ་དབན་བོད་མིས་རིན་པོ་ལ་སྣེ་ལེན། བོད་དོན་དྲིལ་བསྒྲགས་གནང་མཁན་རིན་པོ་བསྟན་འཛིན་ལགས་ཐེ་དབན་དུ་འབྱོར་སྐབས་ས་གནས་བོད་རིགས་ཚོགས་པས་སྣེ་ལེན་ཞུས་ཡོད་པ།
རིན་པོ་བསྟན་འཛིན་གྱི་ངོ་དེབ།

༄༅༎འཛམ་གླིང་ནང་རྐང་འཁོར་བཞོན་ནས་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས་གནང་མཁན་རིན་པོ་བསྟན་འཛིན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གནས་ཡུལ་སྦེལ་ཇི་ཡམ་གྱི་རྒྱལ་Brusselsནས་འགོ་བཙུགས་ཏེ་ཡོ་རོབ་དང་ཉི་ཧོང་ཁུལ་དུ་བོད་དོན་དྲིལ་བསྒྲགས་གནང་གྲུབ་པའི་རྗེས།  ཕྱི་ཟླ་དགུ་པའི་ཚེས་༥ཉིན་ཁོང་ཐེ་དབན་གནམ་ཐང་དུ་འབྱོར་བའི་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བས་སྣེ་ལེན་ཞུས་ཡོད་པ་རེད།
ཁོང་གིས་ཐེ་དབན་གྱི་རྒྱལ་ས་Taipeiཡི་ལྷན་ཁང་གི་འགོ་ཁྲིད་དང་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཁུངས་སུ་བཅར་ཏེ། ཁོང་གིས་རྐང་འཁོར་བཞོན་ནས་བོད་དོན་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་ཞུས་པ་དང་སྦྲགས་ཁོང་རྣམ་པས་བོད་མི་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཡང་ཞུས་ཡོད་པ་རེད། རིན་པོ་བསྟན་འཛིན་ལགས་ཀྱིས་ཐེ་དབན་གྱི་རྒྱལ་ས་Taipeiཙམ་མ་ཡིན་པར་གྲོང་ཁྱེར་Taichungདང་Xinzhuབཅས་སོགས་ཀྱི་ནང་ཡང་སྐོར་བསྐྱོད་གནང་རྒྱུའི་འཆར་གཞི་ཡོད་པ་དང་། ཕྱི་ཚེས་༡༡ ཉིན་སླར་ཡང་རྒྱལ་ས་Taipei དུ་ཕེབས་ཏེ། ཕྱི་ཚེས་༡༢ ཉིན་སྔ་དྲོ་Taipei ནས་རྐང་འཁོར་བཞོན་ནས་ཧོང་ཀོང་དུ་ཕེབས་རྒྱུ་དང་དེ་ནས་བལ་ཡུལ་དང་རྒྱ་གར་ནང་སྐོར་བསྐྱོད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།།
རི་པོ་བསྟན་འཛིན་ལགས་ཀྱིས་རྒྱལ་སྤྱིའི་ནང་རྐང་འཁོར་བཞོན་ནས་བོད་དོན་དྲིལ་
བསྒྲགས་གནང་དགོས་པའི་དགོས་འདུན་གཙོ་བོ་ནི།་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་དང།། ༢༠༠༩ ནས་བཟུང་ད་བར་བོད་ནང་ནས་བོད་མི་༡༢༠ ཡིས་རང་སྲོག་བློས་གཏོང་གནང་སྟེ་བོད་ནང་རང་དབང་དགོས་པ་དང་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པའི་རེ་འདུན་དང་ཞལ་ཆེམས་དེ་དག་མངོན་འགྱུར་ཡོང་ཐབས་ཀྱི་ཆེད་དུ་མ་ཟད། བོད་རྒྱ་གཉིས་དཀའ་རྙོག་སེལ་ཐབས་ལ་དབུ་མའི་ལམ་སྲིད་ཇུས་ལས་མེད་པའི་ངོས་འཛིན་གྱི་ཐོག་ནས་སྲིད་ཇུས་དེ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། དགུང་གྲངས་༤༢ ལ་ཕེབས་པའི་རི་པོ་བསྟན་འཛིན་ལགས་ནི་བོད་མདོ་སྨད་རྔ་བ་ནས་ཡིན་པ་དང་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པའི་རྗེས་༡༩༩༨ ལོར་ཨ་རིར་ཕེབས་ཏེ་ད་ལྟ་ཨ་རིའི་Minnesota དུ་བཟའ་ཟླ་དང་ཕྲུ་གུ་གཉིས་བཅས་ཡོད་པ་དང་། ཁོང་གིས་ད་བར་ཨ་རིའི་མངའ་སྡེ་༥༠ ཡོད་པའི་ནང་ནས་མངའ་སྡེ་༤༤ནང་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་གནང་ཟིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎