མྱ་ངན་གྲོས་ཆོད།


2013.09.26
མྱ་ངན་གྲོས་ཆོད། སྐུ་གཤེགས་དམ་པ་Robert Fordམཆོག
ཝི་ཀི་པི་ཌི་ཡ།

༄༅།    །དེ་སྔ་བོད་ནང་ཐོག་མར་ཕེབས་མཁན་གྲས་ཨིན་ཇིའི་མི་རིགས་ཡིན་པ་དགུང་གྲངས་ ༩༠ ཐམས་པར་ཕེབས་པའི་སྐུ་ཞབས་རོ་བྷདྲ་ ཕོདྲ་མཆོག་ཟླ་བ་འདིའི་ཚེས་༢༠ཉིན་སྐུ་ཚེའི་ཕན་པ་རྫོགས་ཡོད་པ་རེད། ཁོང་ནི་དེ་སྔ་༡༩༤༠    ནང་རྒྱ་གར་ཨིན་ཇིའི་འོག་ཡོད་པའི་སྐབས་ཨིན་ཇིའི་དོན་གཅོད་ཁང་གི་རླུང་འཕྲིན་དང་ཏར་འཕྲིན་གྱི་ཕྱག་ལས་གནང་མྱོང་ཡོད་པས་མ་ཟད།    རྒྱ་གར་རང་བཙན་ཐོབ་པའི་རྗེས་སུ་སླར་ཡང་བོད་ནང་ཕྱིར་ཕེབས་ཀྱིས་བོད་གཞུང་གི་ཏར་འཕྲིན་དང་རླུང་འཕྲིན་རྒྱང་སྲིང་ལས་ཁུངས་གསར་འཛུགས་གནང་བ་སོགས་འགན་འཁུར་རྐང་བཞེས་ཀྱིས་ལོ་མང་པོའི་རིང་བོད་དོན་ཐོག་ཐུགས་འཁུར་ཆེན་པོ་བཞེས་ཡོད་པར་བརྟེན།    ཁོང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཀྱི་མཚན་གནས་གནང་སའི་ཕྱི་རྒྱལ་མི་རིགས་ཐོག་མ་དེ་ཆགས་གནང་ཡོད། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་ཐོག་ནས་དམ་པ་ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གྲོས་ཆོད་ཅིག་བཞག་གནང་ཡོད་པའི་ནང་། སྐུ་གཤེགས་དེ་ཉིད་ཀྱི་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། དམ་པ་ཁོིང་གི་ཐུགས་འདུན་བཟང་པོ་རྣམས་ཡོངས་སུ་གྲུབ་ནས་ཚེ་རབས་ཀུན་ཏུ་བདེ་སྒྲོལ་ཡོང་བའི་སྨོན་འདུན་གནང་ཡོད་པས་མ་ཟད།དམ་པ་ཁོང་གི་རྗེས་ཤུལ་ནང་མི་ཚོར་ཐུགས་གསོའི་འཚམས་འདྲི་ཞུས་པ་དང་སྦྲགས། སྐུ་ཞབས་Robert Ford དམ་པ་དེ་ཉིད་ལ་མྱ་ངན་གུས་བཏུད་ཞུ་སླད་གྲོས་ཚོགས་ནང་ངག་བཅད་སྐར་མ་གཅིག་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎