སྨར་ཁམས་ནང་བཙན་པོའི་དུས་སྐབས་ཀྱི་རྡོ་རྐོས་རི་མོའི་ཆཊ་ཡུལ་རྙེད་པ།
2017.02.07
སྨར་ཁམས་རྫོང་གི་གྲོང་གསེབ་ས་གནས་ཁག་གསུམ་གྱི་ནང་ནས་བཙན་པོའི་དུས་སུ་ཡིན་པའི་རྡོ་རྐོས་རི་མོ་འདྲ་མིན་ཆགས་ཡུལ་ཁག་བརྒྱད་རྙེད་སོན་བྱུང་འདུག
དེ་ཡང་རྒྱ་ནག་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ཨ་མའི་རི་ཀའི་གནའ་དངོས་ཤུལ་རྫས་དཔྱད་རིག་ཁང་གིས་ལུང་འདྲེན་བྱས་པ་ལྟར་ན། ཟི་ཁྲོན་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་༢༠་ལྷག་གིས་གྲུབ་པའི་རུ་ཁག་ཞིག་གིས། སྨར་ཁམས་རྫོང་གི་གྲོང་གསེབ་ས་གནས་ཁག་གསུམ་གྱི་ནང་དུ་རྡོ་རྐོས་རི་མོ་འདྲ་མིན་ཆགས་ཡུལ་ཁག་༨་རྙེད་སོན་བྱུང་ཡོད་ཅིང་། རྡོ་རྐོས་ཆགས་ཡུལ་དེའང་ལོ་ངོ་སྟོང་གཅིག་ལྷག་སོང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག
ཟི་ཁྲོན་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་དགེ་རྒན་ཆེན་མོ་Zhang Yanqing་ངམ་Palchen Dorjee་གིས་ཟེར་ན། ད་རེས་རྙེད་སོན་བྱུང་པའི་རྡོ་རྐོས་རི་མོ་དེ་དག་གི་ནང་དུ་འདྲ་སྐུ་རི་མོ་དང་། བོད་ཀྱི་གནའ་བོའི་དཔེ་ཆ་རྙིང་པ། དེ་བཞིན་མ་ཎི་རྐོས་པ་སོགས་ཡོད་འདུག
རྡོ་རྐོས་རི་མོ་དེ་བཞིན་བོད་བཙན་པོའི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་དང་ཁྲི་སྡེ་སྲོང་བཙན་གྱི་སྐབས་སུ་བཞེངས་པ་མ་ཟད། རྡོ་རྐོས་རི་མོ་དེ་ནས་རྒྱ་གར་དང་རྒྱ་ནག་གི་རིག་གཞུང་ཤུགས་རྐྱེན་ཡོད་པ་ཤིག་བཏོན་འདུག
དགེ་རྒན་ཆེན་མོ་དེས་མུ་མཐུད་དུ་ཟེར་ན། རྡོ་རྐོས་རི་མོ་འདི་ནི་ནང་ཆོས་ཀྱི་སྒྱུ་རྩལ་ཞིག་དང་། ལོ་རྒྱུས་ཀྱི་རྙེད་སོན་གང་གི་ཆ་ནས་ཞུས་པ་ཡིན་ནའི་འདི་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན་ལ། ངེས་པར་སྲུང་སྐྱོང་བྱེད་དགོས་པ་ཞིག་རེད་ཅེས་བརྗོད་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།