བཀག་འགོག་བྱས་མིན་འདུག
2013.04.18

༄༅། །བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་བཞིན་པ་མཐོང་རྒྱུ་ཡོད་པའི་རྒྱ་གར་གྱི་གློག་བརྙན་Rockstar ཞེས་པ་དེ་དམ་བསྒྲགས་བཀག་འགོག་མེད་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གཟའ་མིག་དམར་ཉིན་བཏོན་བཅུག་ཡོད་སྐོར་རྒྱ་གར་གྱི་གསར་ཤོག་ཤིག་གི་ནང་གནས་ཚུལ་བཀོད་འདུག The Hindus ཞེས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གིས་ཁ་སང་གནས་ཚུལ་སྤེལ་དོན་ལྟར་ན། ཞིབ་བཤེར་བྱེད་མཁན་རྒྱ་མིས་ད་རེས་ཡ་མཚན་སྐྱེས་གཞི་གཞིགས་ལ་རྒྱ་གཞུང་གིས་དམ་བསྒྲགས་བཀག་སྡོམ་བྱས་པ་དང་། བོད་རང་བཙན་གྱི་ལས་འགུལ་མཚོན་པའི་མཚོན་རྟགས་གངས་སེང་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལྷབ་ལྷུབ་དུ་གཡོ་བཞིན་པ་བཏོན་པའི་རྒྱ་གར་གྱི་གློག་བརྙན་གྲགས་ཅན་Rockstar ཞེས་པ་དེ་གཟའ་མིག་དམར་ཉིན་གཅོད་བཏུབ་སོགས་གང་ཡང་མ་བྱས་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཕྱི་ཚེས་༡༦ཉིན་འགོ་བཙུགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཉིན་དང་པོར་བཏོན་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གཞུང་གི་ད་རེས་དེ་ལྟ་བུའི་སྲིད་བྱུས་འཛིན་དགོས་པ་གང་ཡིན་མིན་ཐེ་ཚོམ་ཅན་ཞིག་རེད་འདུག།