(RSS)ཚོགས་པའི་ངོས་ནས་ས་རྟགས་བསྡུ་རུབ་བྱས་བ་མིན་ཟེར།
2017.04.10
དབུས་(RSS)ཚོཊ་པའི་ངོས་ནས་༧གོང་ས་མཆོག་ལ་གཟེངས་རྟཊ་འབུལ་དགོས་བའི་ས་རྟཊ་བསྡུ་རུབ་ཀྱི་གཞུང་འབྲེལ་ལས་འགུལ་སྤེལ་མེད་པ་བརྗོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་(Bharat Ratna)ཞེས་པའི་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་མཐོ་ཤོས་དེ་འབུལ་དགོས་པའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་རྒྱ་གར་གྱི་རྒྱལ་ཞེན་གཡས་ཐལ་ཚོགས་པ་RSS་ཞེས་བས་འགོ་འཛུགས་བྱས་པ་ཞིག་མིན་སྐོར་བརྗོད་འདུག
དེ་ཡང་ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་RSS ས་གནས་ཚོགས་པའི་འགོ་ཁྲིད་ལྷུན་འགྲུབ་ཆོས་བཟང་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་(Bharat Ratna)ཞེས་པའི་ཆེ་བསྟོད་གཟེངས་རྟགས་མཐོ་ཤོས་དེ་འབུལ་དགོས་པའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཕྱི་ཟླ་༤ པའི་ཚེས་༦ ཉིན་འགོ་འཛུགས་གནང་ཡོད་པ་གསུངས་པའི་གནས་ཚུལ་ཞིག་བདུན་ཕྲག་སྔོན་མ་རྒྱ་གརགྱི་PTI གསར་ལས་ཁང་གིས་བཏོན་ཡོད།
ཡིན་ཡང་དེའི་ཐད་RSS དབུས་ཚོགས་པའི་མགྲིན་ཚབ་པ་Rajiv Tuli ཡིས། ཏཱ་ལའི་བླ་མ་མཆོག་ལ་Bharat Ratna འབུལ་དགོས་པའི་ས་རྟགས་བསྡུ་རུབ་ཀྱི་གཞུང་འབྲེལ་ལས་འགུལ་དེ་འདྲ་ང་ཚོའི་ཚོགས་པས་འགོ་འཛུགས་བྱས་མེད། ཐག་གཅོད་དེའི་རིགས་གཞུང་གིས་གནང་གི་ཡོད་བ་རེད་ཅེས་རྒྱ་གར་གྱི་ANI གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་RSS ས་གནས་ཚོགས་པའི་འགོ་ཁྲིད་ལྷུན་འགྲུབ་ཆོས་བཟང་ལགས་ཀྱིས། ང་ཚོས་༧གོང་ས་མཆོག་ལ་Bharat Ratnaའབུལ་དགོས་པའི་རྒྱབ་སྐྱོར་གྱི་ས་རྟགས་ད་བར་༥༠༠༠ཙམ་ཞིག་བསྡུས་ཟིན་པ་དང། མཐར་ས་རྟགས་༢༥༠༠༠ ལོན་མཚམས་འབོད་སྐུལ་གྱི་སྙན་ཞུ་དེ་སྲིད་བློན་Narendra Modi མཆོག་ལ་འབུལ་རྒྱུ་ཡིན་ཞེས་བདུན་སྔོན་གསལ་བསྒྲགས་གནང་བའི་གནས་ཚུལ་ཞིག་PTI གསར་ལས་ཁང་གིས་བཏོན་ཡོད་པ་དང།
ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་RSS ཚོགས་པའི་འགོ་ཁྲིད་ཆོས་བཟང་ལགས་ཀྱིས་སྣེ་འཁྲིད་གནང་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཏཱ་ལའི་བླ་མ་མཆོག་ལ་BharatRatnaགཟེངས་རྟགས་དེ་ཕུལ་བ་ཡིན་ན་རྒྱལ་སྤྱིའི་ནང་བརྡ་ལན་ཞིག་འཕྲོད་རྒྱུ་ཡིན་པ་དང། ༧གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་གྱི་བུ་རྩ་ཡིན་ཞེས་བཀའ་གནང་གི་ཡོད་པ་མ་ཟད། རླབས་ཆེན་རྒྱལ་ཁབ་རྒྱ་གར་ནང་དུས་ཡུན་རིང་ཤོས་བཞུགས་གདན་འཇགས་མཁན་གྱི་སྐུ་མགྲོན་ཞིག་ཡིན་པའི་སྤོབས་པ་ཡོད་ཅེས་བཀའ་གནང་གི་ཡོད་སྐོར་ཆོས་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
སྔ་ལོ་ཕྱི་ཟླ་༡༡པའི་ནང་BJPཚོགས་པའི་གྲོས་ཚོགས་འཐུས་མི་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་Shanta Kumar ནས་ཀྱང་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་BharatRatna གཟེངས་རྟགས་འབུལ་དགོས་པའི་རེ་འདུན་གནང་ཡོད་པ་རེད།།
གསར་འགོད་པ་རིག་ལྡན་སྒྲོལ་མ།