དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར།


2015.04.17
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པའི་ཡིག་ཆའི་ས་རྟགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པའི་ཡིག་ཆའི་ས་རྟགས། 2015/4/15
པར་བཤུས

གསུམ་བཅུའི་དུས་དྲན་གྱི་རྙོག་གླེང་གི་རྐྱེན་པས་ས་གནས་ཚོགས་གཙོ་འཕྲལ་སེལ་གནས་དབྱུང་བཏང་བར་རྒྱབ་སྐྱོར་ཡོད་པ་འཁོད་འདུག
དེ་ཡང་ཚེས་༡༥ཉིན་ཨ་མི་རི་ཀའི་Minnesotaདང་། San Francisco,  རྒྱལ་ས་ཝ་ཤིན་ཀྲོན། Wisconsin Seattle དེ་བཞིན་Canadaའི་Vancouverདང་། Torontoགྲོང་ཁྱེར་བཅས་ས་གནས་ཁག་བདུན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ནས། གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས། དབུས་གཞོན་ནུ་ལྷན་ཚོགས་ནས་འཕྲལ་སེལ་གནས་དབྱུང་བཏང་བ་དེར་རྒྱབ་སྐྱོར་ཞུ་བཞིན་ཡོད་ལུགས་ དོན་ཚན་བཞི་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གཙོ་དོན་ངག་དབང་དཔལ་ལྡན་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱི་བོད་རང་བཙན་གྱི་གཞི་རྩའི་ལྟ་གྲུབ་ལ་རྒྱབ་འགལ་བྱས་ཐོག་ཚོགས་གཙོའི་ལས་དུས་རིང་གཅིག་སྒྲིལ་གྱི་ལས་དོན་ལ་གནོད་སྐྱོན་ཚབས་ཆེ་བཟོས་ཡོད་སྟབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་སོགས་གསལ་འདུག
དེ་སྔོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངག་དབང་དཔལ་ལྡན་ལགས་ཚོགས་གཙོའི་ལས་ཁུར་ནས་འཕྲལ་སེལ་གནས་དབྱུང་བཏང་བའི་བཀོད་ཁྱབ་བཏང་པའི་རྗེས་ཕྱི་ཟླ་༣པའི་ཚེས་༣༡ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ཀྱིས་དབུས་ལ་ལན་འདེབས་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་། ཕྱག་བྲིས་དེའི་ནང་། འདི་ལོ་གསུམ་བཅུའི་དུས་དྲན་གྱི་རྙོག་གླེང་འདི་བཞིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཟེར་མཁན་རེ་ཟུང་གིས་ཆེད་དུ་བཟོས་པ་ཞིག་ལས་ས་གནས་མང་ཚོགས་བརྒྱ་ཆ་༩༩རྡོག་རྩ་གཅིག་བསྒྲིལ་གྱིས་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་བྱེད་མཁན་ཡིན་པ་དང་། རྙོག་གླེང་འདིའི་ཐད་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་ཚོགས་སྐབས་མང་མོས་ཐོག་ད་ལྟའི་ཚོགས་གཙོས་དགོངས་པ་ཞུ་མི་དགོས་པའི་ཐག་གཅོད་བྱུང་ཡོད་པ་དེ་བཞིན་རྒྱུ་མཚན་ཁ་གསལ་མེད་པར་ས་གནས་ཚོགས་གཙོས་ལས་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་ནི་གཞོན་ནུའི་སྒྲིག་གཞི་དང་འགལ་ཡོད་པ་སོགས་གནས་ཚུལ་ལུང་འདྲེན་གནང་སྟེ་ངོས་ལེན་ཞུས་མེད་པ་རེད།
གནས་ཚུལ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༡༩ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་བ་མི་མང་གིས་འོས་འདེམས་བྱེད་ཀྱི་ཡོད་པ་རེད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎