རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་ཀོང་རེ་སི་ཚོཌ་པར་ཐོབ་ཡོད་པ།

ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཟིན་པའི་རྗེས་གཞུང་འཛིན་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཆེ་ཤོས་ཐོབ་ཡོད་པ་གསལ་བཞིན་ཡོད་པ།

2009.05.16

༄༅༎ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཟིན་པའི་རྗེས་གཞུང་འཛིན་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཆེ་ཤོས་ཐོབ་ཡོད་པ་གསལ་བཞིན་ཡོད་ཅིང་སྲིད་བློན་མཱན་མོ་ཧན་སིང་མཆོག་སྲིད་བློན་གྱི་ལས་འཁུར་གཉིས་པ་བཞེས་རྒྱུ་ཧ་ལམ་ངེས་པ་ལྟ་བུ་ཡིན་པ་རེད།

རྒྱ་གར་གྱི་དབུས་འོས་བསྡུ་ལས་ཁང་གིས་ད་བར་གྲུབ་འ་བྲས་གསལ་བསྒྲགས་གནང་ཟིན་པའི་ཐོག་ནས་དབྱེ་ཞིབ་པ་ཚོས་སྔོན་དཔག་བྱེད་དོན་ལྟར་ན་རྒྱ་གར་ཀོང་རེ་སི་ཚོགས་པ་དང་མཐུན་ཕྱོགས་ཆབ་སྲིད་ཚོགས་པ་ཁག་ལ་དབུས་གྲོས་ཚོགས་ཀྱི་ནང་འཐུས་མི་ཉི་བརྒྱ་ལྔ་བཅུ་ཙམ་གྱི་ས་མིག་ཐོབ་ཡོད་འདུག་པ་དང་ཁ་གཏད་སྦི་ཇེ་པི་ཚོགས་པས་འགོ་འཁྲིད་པའི་མཐུན་ཕྱོགས་ཚོགས་པ་ཁག་ལ་ས་མིག་བརྒྱ་དང་དྲུག་ཅུ་ཙམ་ལས་ཐོབ་མེད་པ་ཡིན་འདུག འོན་ཀྱང་གཞུང་འཛིན་བྱ་རྒྱུར་འཐུས་མི་༥༤༣ཡོད་པའི་རྒྱ་གར་གྱི་གྲོས་ཚོགས་ནང་ཉུང་མཐར་འཐུས་མི་༢༧༢ཀྱི་མང་མོས་དགོས་ཀྱི་ཡོད་སྟབས་ཀོང་རེ་སི་ཚོགས་པས་མངའ་ཁུལ་གྱི་སྲིད་དོན་ཚོགས་པ་ཆུང་ཁག་གི་རྒྱབ་སྐྱོར་བཙལ་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་མང་མོས་ཀྱི་ཆེད་འཐུས་མི་ཉི་ཤུ་ནས་སུམ་ཅུའི་རྒྱབ་སྐྱོར་ལས་དགོས་ཀྱི་མེད་སྟབས་ཀོང་རེ་སི་ཚོགས་པའི་ངོས་ནས་རང་འདོད་ལྟར་རྒྱབ་སྐྱོར་ལེན་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གྲོས་ཚོགས་ཀྱི་ནང་སྲིད་དོན་ཚོགས་པ་ཆེ་ཁག་ཚོར་འཐུས་མི་འདེངས་ངེས་མེད་པའི་སྐབས་མནའ་མཐུན་གྱི་གཞུང་ལོ་ལྔའམ་གཞུང་འཛིན་གྱི་ལས་འཁུར་དུས་ཡུན་གཅིག་མ་ཚང་བར་གནས་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ན་ཡང་ཀོང་རེ་སི་ཀྱིས་སྣེ་འཁྲིད་པའི་སྲིད་བློན་མཱན་མོ་ཧན་སིང་གི་གཞུང་དེ་འདས་པའི་ལོ་ལྔའི་རིང་གནས་ཐུབ་ཡོད་པར་མ་ཟད་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ཚེ་ད་དུང་ཡང་ལོ་ལྔའི་རིང་གནས་རྒྱུར་འགོག་རྐྱེན་ཆེན་པོའི་རིགས་འཕྲད་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ལུང་འདྲེན་བྱེད་བཞིན་ཡོད་པ་རེད།

ཁ་གཏད་སྦི་ཇེ་པིས་འོས་བསྡུའི་ཕམ་ཁར་ངོས་ལེན་གནང་པ་དང་སྦྲགས་འོས་བསྡུའི་གྲུབ་འབྲས་འདི་ཚོད་དཔག་བྱས་པ་ལས་དམའ་བ་བྱུང་ཡོད་པ་བརྗོད་ཡོད་འདུག ཚོགས་པ་དེའི་མགྲིན་ཚབ་པ་ཨ་རུན་ཇེཏ་ལིས་ང་ཚོས་མི་དམངས་ཀྱི་བཀའ་ལུང་ཐག་གཅོད་ལ་ངོས་ལེན་ཞུ་བཞིན་ཡོད་པར་མ་ཟད་འོས་བསྡུར་ཕམ་ཉེས་བྱུང་སྟབས་ད་ཆ་ཚོགས་པའི་ཁང་ཁུལ་གནད་དོན་འདིའི་ཐད་བགྲོ་གླེང་དཔྱད་ཞིབ་མཐར་ཕྱིན་པ་ཞིག་དགོས་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག ད་རེས་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་པ་འདི་ནི་གོ་ལའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་དེས་རྒྱ་གར་གྱི་ཐོག་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞིག་བཟོས་ཡོད་སྟབས་དཔལ་འབྱོར་ལམ་ལུགས་ཀྱི་ཐད་ཉམས་མྱོང་ཆེན་པོ་ཡོད་པའི་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སཱིང་མཆོག་ལ་རྒྱ་གར་མི་དམངས་ཀྱིས་ཡིད་ཆེས་ཞུ་བཞིན་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎