ཨུ་རུ་སུའི་ནང་དུས་དྲན་གསུམ་འཛོམས་སྲུང་བརྩི།

བོད་ཀྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་ཁུར་བཞེས་ཏེ་ལོ་གཅིག་འཁོར་བ། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཨུ་རུ་སུའི་ནང་འབྱོར་བ་བཅས་སྲུང་བརྩི་ཞུས་འདུག

2012.08.10

༄༅།    །ཕྱི་ཚེས་༨ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་རྟེན་གཞི་བྱས་པའི་Open World Center ཞེས་པའི་ཁུལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་བཅས་ལྷན་འཛོམས་ཐོག  གཞིས་ལུས་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་མཆོད་འབུལ་སྨོན་ལམ་དང་།    མཆོད་སྦྲིན་འབུལ་ཤོམ།  དེ་བཞིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་ཁུར་བཞེས་ཏེ་ལོ་གཅིག་འཁོར་བ།  བདེན་པའི་མེ་ལྕེ་སྐོར་བསྐྱོད་ཁུལ་དེར་འབྱོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།   སྐབས་དེར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་ངོ་སྤྲད་གནང་བ་དང་སྦྲགས་ རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་བསྟུད་མར་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པས་མ་ཟད།   ཆབ་སྲིད་ཀྱི་དམ་དྲག་ཧ་ཅང་ཆེ་བའི་འོག    བོད་མི་ཚོ་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་གྱུར་ཏེ་སྤྱི་ཚོགས་དང་དཔལ་འབྱོར་གང་གི་ཆ་ནས་ཟུར་ཕུད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན།  ད་བར་བོད་མི་བཞི་ཅུ་ཞེ་གྲངས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ།  རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པའི་སྐོར་སོགས་གསུང་ཡོད་པ་རེད།
དེ་རྗེས་རྒྱལ་ས་མོ་སི་ཁོའི་ནང་བརྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་གཞོན་པ་ལྕམ་Nadya Berkengeymཀྱིས་ཨུ་རུ་སུའི་མང་ཚོགས་ཀྱིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎