ར་ཤི་ཡས་རྒྱ་གར་ལ་དམག་གྲུ་ཁག་ཅིག་གཡར་རྩིས་ཡོད་པ་རེད།
2008.12.15
༄༅༎ར་ཤི་ཡས་རྒྱ་གར་ལ་རྡུལ་ཕྲན་ནུས་ཤུགས་ཡོད་པའི་མཚོ་འོག་དམག་གྲུ་ཁག་ཅིག་ལོ་ཤས་རིང་གཡར་པོ་གཏོང་གནང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་སྐོར་ར་ཤི་ཡའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཨི་ཊར་ཀྲ་སེ་ཞེས་པས་གནས་ཚུལ་བཏོན་ཡོད་པ་རེད།
དམག་གྲུ་གཡར་པོ་གཏོང་རྒྱུའི་གནས་ཚུལ་འདི་ར་ཤི་ཡའི་སྲིད་འཛིན་ཌི་མི་ཏྲི་མེརྡ་ལྦེ་རྡེལྦ་མཆོག་ཟླ་བ་འདིའི་ནང་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་འཆར་གཞི་ཡོད་པ་གཞིར་བཟུང་གནས་ཚུལ་བཏོན་པ་ཞིག་ཡིན་པ་རེད། ར་ཤི་ཡའི་དམག་དོན་ཚན་པ་ཞིག་གི་འགོ་འཁྲིད་མིཀེལ་ཌི་མི་ཌི་མི་ཀྲི་ཡེལྦ་ཡིས་རྒྱ་གར་ལ་ང་ཚོའི་རྡུལ་ཕྲན་ནུས་ཤུགས་ཡོད་པའི་མཚོ་འོག་དམག་གྲུ་ཁག་ཅིག་ལོ་ངོ་བཅུ་རིང་གཡར་པོ་གཏོང་རྒྱུའི་གནས་ཚུལ་དེ་དངོས་འབྲེལ་ཆགས་སྲིད་པ་རེད་ཅེས་གསུངས་འདུག
ཡང་ཁོང་གིས་ར་ཤི་ཡས་རྒྱ་གར་ལ་ཨ་རིའི་ཌོ་ལར་འཐེར་འབུམ་གཅིག་དང་ཕྱེད་ཀའི་མ་གནས་ཀྱི་དམག་དོན་ཐད་འཕུར་གནམ་གྲུ་མི་བཅུ་བདུན་རྟགས་ཅན་བརྒྱད་བཅུ་ཚོང་བསྒྱུར་གནང་རྒྱུ་ཡིན་སྐོར་གསུང་འདུག གོང་ཞུས་ཡུལ་གཉིས་བར་གྱི་དམག་དོན་ཐད་འཕུར་གནམ་གྲུ་ཁག་ཚོང་བསྒྱུར་གྱི་ཆིངས་དོན་དེ་ཉེ་ལམ་ཕྱི་ཚེས་ལྔ་ཉིན་ཡུལ་གཉིས་ཀྱི་དབུ་འཁྲིད་རྣམ་པའི་མདུན་འབྲེལ་ཡོད་ཚན་པ་ཁག་གིས་མཚན་རྟགས་བཀོད་ཟིན་པའི་གནས་ཚུལ་ཐོན་བཞག