ཨུ་རུ་སིའི་སྲིད་འཛིན་གྱིས་འདི་ལྟར་གསུངས་འདུག
2012.08.01
རྒྱ་ནག་དང་ཨུ་རི་སུ་གཉིས་ནི་མཐུན་ཕྱོགས་རྒྱལ་ཁབ་ཡིན་པ་དང་། རྒྱ་ནག་གཞུང་གི་ཕྱོགས་ནས་གོང་ས ༧་རྒྱལ་བ་རིན་པོ་ཆེ་ཨུ་རི་སིའི་ནང་འཚམས་འདྲི་གཟིགས་སྐོར་དུ་ཕེབས་སུ་ངོ་རྒོལ་བྱས་ནས། ར་ཞི་ཡར་གནོན་ཤུགས་སྤྲོད་བཞིན་ཡོད་ནའང་། ཚེས་༣༡ ཉིན་ར་ཞི་ཡའི་སྲིད་འཛིན་ཕུའུ་གྲན་གྱིས་། ར་ཞི་ཡའི་ཁར་མེ་གུ་ཡ་གཙོས་པའི་ནང་ཆོས་ལ་དད་པ་བྱེད་མཁན་ཚོས། ༧གོང་ས་ཏཱ་ལའི་བླ་མ་མཆོག་འཚམ་འདྲི་གཟིགས་བསྐོར་དུ་ཕེབས་རྒྱུར་ངང་སྒུག་བྱས་ནས་ཡོད་པ་རྒྱུས་ལོན་བྱེད་ཐུབ་གི་འདུག་། ང་ཚོས་ཕྱོགས་དེར་ལས་དོན་སྒྲུབ་ངེས་ཡིན་ཞེས་གསུངས་ནས
༧གོང་ས་རྒྱལ་བ་རིན་པོ་ཆེ་ར་ཞི་ནང་འཚམ་འདྲི་གཟིགས་བསྐོར་དུ་ཕེབས་སུ་འཇུག་རྒྱུ་གོ་བརྡ་བཏང་འདུག སྔ་མ་ཡིན་ན། ར་ཞི་ཡ་གཞུང་གིས་། རྒྱ་ནག་གཞུང་གི་གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་ཇུས། རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཡིན་པ་ཟེར་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ནའང་། ད་ཐེངས་ར་ཞི་ཡའི་སྲིད་འཛིན་ཕུའུ་གྲན་གྱིས་། གོང་ས་མཆོག་ ར་ཞི་ནང་འཚམ་འདྲི་གཟིགས་བསྐོར་དུ་ཕེབས་སུ་འཇུག་རྒྱུ་གོ་བརྡ་བཏང་པ་འདི་ནི། ར་ཞི་ཡ་གཞུང་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུའུ་སྔོན་བརྡ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།