ར་ཤི་ཡས་ལྷོ་ཀོ་རི་ཡ་ལ་དམག་སྦྱོང་ཕྱིར་འཐེན་གྱི་འབོད་སྐུལ།
2010.12.18
༄༅༎ལྷོ་ཀོ་རི་ཡའི་ནང་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་བྱ་རྒྱུའི་འཆར་གཞི་ཡོད་པ་ནི། བློ་འཚབ་ཆེན་པོ་བཟོ་གཞིའི་གནས་ཚུལ་ཞིག་ཆགས་ཀྱི་པར་བརྟེན། དམག་སྦྱོང་བྱ་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་རོགས་ཞེས་ར་ཤེ་ཡ་གཞུང་གིས་འབོད་སྐུལ་ཞུས་གནང་འདུག
དེ་ཡང་འད་ཚེས་༡༧ཉིན་ར་ཤེ་ཡ་གཞུང་གིས་ཡུལ་དེའི་ནང་ཡོད་པའི་ཨ་རི་དང༌། ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་གཉིས་བཀའ་འགུག་གིས། ཟླ་བ་སྔོན་མར་ལྷོ་ཀོ་རི་ཡའི་མཚོ་གླིང་ཞིག་གི་ཐོག་བྱང་ཀོ་རི་ཡས་དྲག་རྒོལ་བྱས་པའི་གནས་ཚུལ་དེ་ཡང༌། སྐབས་དེ་དུས་ཨ་རིའི་དྲག་པོའི་དཔོན་རིགས་མཐོ་གྲས་ཤིག་གི་གཟིགས་ཞིབ་འོག་ལྷོ་ཀོ་རི་ཡའི་ནང་དམག་སྦྱོང་བྱས་པའི་རྗེས་བྱུང་བར་བརྟེན། གལ་སྲིད་ལྷོ་ཀོ་རི་ཡའི་ནང་བསྐྱར་དུ་དམག་སྦྱོང་བྱས་པ་ཡིན་ཚེ། བྱང་ཀོ་རི་ཡས་ཕྱོགས་ནས་ཀྱང་དྲག་རྒོལ་བསྐྱར་དུ་བྱེད་པའི་ཉེན་ཚབས་ཡོད་སྟབས། དམག་སྦྱོང་བྱ་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག