བོད་རང་དབང་ཚོགས་པས་དྲ་རྒྱའི་ཐོག་རྒྱང་བསྲིང་གནང་རྒྱུ།

སློབ་ཕྲུག་བོད་རང་དབང་ཚོགས་པས་གནས་འཕྲིན་དྲ་རྒྱའི་ཐོག་བརྙན་འཕྲིན་ལས་རིམ་ཞིག་འགོ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་འདུག

2008.08.02

༄༅༎སློབ་ཕྲུག་བོད་རང་དབང་ཚོགས་པས་ ཟླ་བ་འདིའི་ཚེས་༨ནས་བཟུང་གནས་འཕྲིན་དྲ་རྒྱའི་ཐོག་ ཆུ་ཚོད་༢༤རིང་གི་བརྙན་འཕྲིན་ལས་རིམ་ཞིག་འགོ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་འདུག

བོད་རང་དབང་༢༠༠༨ཞེས་པའི་བརྙན་འཕྲིན་ལས་རིམ་དེ་ཕྱི་ཟླ་༨པའི་ཚེས་༨ནས་ཚེས་༢༤ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་མ་བྱས་བར་དུ་ གཙོ་བོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་དེ་མིན་གྲོང་ཁྱེར་ཆེ་ཁག་འགའ་ཤས་ནས་རྒྱང་བསྲིང་གནང་རྒྱུ་ཡིན་པ་རེད།

སློབ་ཕྲུག་བོད་རང་དབང་ཚོགས་པའི་ཨོ་ལིམ་པིག་ལས་འགུལ་འབྲེལ་མཐུད་པ་ ཧན་ཤན་ ཡིས་ བོད་རང་དབང་༢༠༠༨ཞེས་པའི་བརྙན་འཕྲིན་ལས་རིམ་ནང་ སློབ་ཕྲུག་ཚོགས་པ་དེའི་ཚོགས་མི་སུ་ཞིག་ནས་ ཨོ་ལིམ་པིག་དང་འབྲེལ་བ་ཡོད་པའི་བརྗོད་གཞིའི་ཐོག་བརྙན་པར་རྒྱབ་པ་ཁག་མཁོ་སྤྲོད་གནང་ཆོག་རྒྱུ་དང༌། པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྒྱུའི་དུས་ཚོས་ཉེ་རུ་འགྲོ་གི་ཡོད་པའི་སྐབས་དེར་རྒྱ་ནག་གིས་གསར་འགོད་ལས་རིག་ཐོག་དམ་བསྒྲགས་ཆེ་རུང་འགྲོ་གི་ཡོད་པ་དེའི་ཁ་སྐོང་དུ་ཨོ་ལིམ་པིག་རྩེད་འགྲན་དང་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་དང་བསམ་ཚུལ་བཏོན་སའི་གླེང་སྟེགས་ཤིག་བཟོ་ཐབས་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

སློབ་ཕྲུག་བོད་རང་དབང་ཚོགས་པས་རྒྱང་བསྲིང་གནང་རྒྱུའི་བརྙན་འཕྲིན་ལས་རིམ་དེའི་ཐོག་ ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་དང་འབྲེལ་བའི་གསར་འབྱུང་གནས་ཚུལ་དང༌། བོད་དོན་དང་འབྲེལ་བའི་ངོ་རྒོལ། དེ་བཞིན་པེ་ཅིང་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་གཞི། འབྲེལ་ཡོད་མི་སྣར་བཅར་འདྲིའི་ལས་རིམ་དང༌། བོད་དོན་དོན་གཉེར་བ་ཚོའི་ལོ་རྒྱུས། ཁ་པར་ཐོག་ནས་གཏམ་གླེང་བྱ་རྒྱུའི་ལས་རིམ་དང༌། བརྙན་པར་ཐོག་ནས་གསར་འགོད་གསལ་བསྒྲགས་སོགས་ལས་རིམ་མང་པོ་ཞིག་རྒྱང་སྲིང་གནང་རྒྱུའི་འཆར་གཞི་འདུག བརྙན་འཕྲིན་ལས་རིམ་དེ་གཙོ་བོ་ ལོན་ཌོན་དང་དེ་ནས་གྲོང་ཁྱེར་ནིའུ་ཡོག། སེན་ཕ་རེན་སིསི་ཀོ། ཊོ་རན་ཊོ་བཅས་དབར་ཕན་ཚུན་འབྲེལ་མཐུད་བྱེད་ཐུབ་པའི་ཆ་རྐྱེན་བཟོས་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་ས་ལྡི་ལི་དང་རྡ་རམ་ས་ལ་དང་དེ་མིན་རྒྱ་གར་གྱི་གྲོང་ཁྱེར་གཞན་ཁག་ནས་ མི་དམངས་ཀྱི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་དེ་མིན་མི་དམངས་ཚོར་གསར་འགོད་ཀྱི་གཏམ་བཤད་གནང་རྒྱུའི་ཆ་རྐྱེན་ཡང་ཡོད་པ་བཟོས་གནང་རྒྱུ་ཡིན་སྐོར་སློབ་ཕྲུག་བོད་རང་དབང་ཚོགས་པའི་ཨོ་ལིམ་པིག་ལས་འགུལ་འབྲེལ་མཐུད་པ་ཧན་ཤན་གྱིས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎