ས་སྐྱ་བདག་ཁྲི་རིན་པོ་ཆེས་ཨོ་སོ་ཀྲོ་ལི་ཡའི་ཁུལ་དུ་གསུང་ཆོས།

དཔལ་ལྡན་ས་སྐྱ་བདག་ཁྲི་གོང་མ་རིན་པོ་ཆེ་མཆོགནས་ཨོ་སོ་ཀྲོ་ལི་ཡའི་ཁུལ་དུ་གསུང་ཆོས་དང་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་པའི་སྐོར།

2009.04.23

༄༅༎དཔལ་ལྡན་ས་སྐྱ་བདག་ཁྲི་གོང་མ་རིན་པོ་ཆེ་མཆོགནས་ཨོ་སོ་ཀྲོ་ལི་ཡའི་ཁུལ་དུ་གསུང་ཆོས་དང་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་དོན་བྱས་པར་གཞིགས་ན་འདི་ཟླའི་ཚེས་ཉི་ཤུ་བཞི་ཉིན་ནས་བཟུང་དཔལ་ལྡན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཨོ་སོ་ཀྲོ་ལི་ཡའི་སི་ཌི་ནི་གྲོང་ཁྱེར་རུ་སྦེལ་མེན་ཞེས་པའི་ས་གནས་ཀྱི་ཚོགས་ཁང་ཆེན་མོའི་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་དུས་ཡུན་བདུན་ཕྲག་ལྔའི་རིང་ས་སྐྱའི་ཆོས་བརྒྱུད་ཀྱི་ལམ་འབྲས་ཀྱི་བཀའ་ཆོས་དབུ་འཛུགས་གནང་རྒྱུ་ཡིན་པ་རེད། བདུན་ཕྲག་ལྔའི་རིང་ལམ་འབྲས་ཀྱི་བཀའ་ཆོས་དེ་བཞིན་གཙོ་བོ་ས་སྐྱ་བདག་ཁྲི་གོང་མ་རིན་པོ་ཆེའི་དབུ་བཞུགས་ཐོག་གྱ་ན་ལྦཇ་ར་རིན་པོ་ཆེ་དང་རཏ་ན་ལྦཇ་ར་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་གསུང་ཆོས་དང་བཀའ་དབང་ཁག་ཅགི་སྩལ་གནང་མཛད་རྒྱུ་ཡིན་འདུག ཐེངས་འདིའི་ས་སྐྱ་གོང་མ་རིན་པོ་ཆེའི་ཨོ་སོ་ཀྲོ་ལི་ཡའི་ཁུལ་གྱི་ཆིབས་བསྒྱུར་དང་གསུང་ཆོས་ཀྱི་མཛད་འཆར་དེ་ཨོ་སོ་ཀྲོ་ལི་ཡའི་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁང་དང་ཡང་ཨོ་སོ་ཀྲོ་ལི་ཡ་དང་ནིའུ་ཛི་ལེནདྲ་གཉིས་སུ་གནས་འཁོད་ས་གནས་བོད་མི་ཚོས་ཇི་ལྟར་གསོལ་འདེབས་ཞུས་པར་ལྟར་ཞལ་བཞེས་ཀྱིས་མཛད་འཆར་གོ་སྒྲིག་ཞུ་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎