༧གོང་ས་མཆོག་གི་བཀའ་བཞིན་གྲུབ་དགོས།
2013.03.19

བོད་ཀྱི་བང་ཆེན་གྱི་དྲ་གནས།
༄༅། །༧དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༧ཉིན་སུད་སིའི་གྲོང་ཁྱེར་ཛུ་རེ་ཆི་(Zurich)ནང་དུ་ཡོད་པའི་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་ཕྲག་གསུམ་ཙམ་ཞིག་ལས་དྲག་པོ་གསུམ་སྦྲེལ་ལམ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་ཡོད་སྐོར་བོད་ཀྱི་བང་ཆེན་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
བཀའ་དབང་གྲུབ་མཚམས་༧གོང་མ་རིན་པོ་ཆེ་མཆོག་ནས་མི་མང་ལ་བཀའ་སློབ་གནང་སྐབས། དེང་སྐབས་སྤྱིར་འཛམ་གླིང་ཡོངས་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བཟོད་པར་དཀའ་བའི་གནས་སྟངས་འདི་འདྲ་ཞིག་ཏུ་སླེབས་ཡོད་དུས། ང་ཚོས་གང་ཐུབ་བྱེད་དགོས་པས་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ས་ཆ་གང་འདྲ་ཞིག་ཏུ་གནས་དགོས་ཀྱང་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་་གཤིས་ཀ་ཡ་རབས་སྤྱོད་བཟང་བྱ་རྒྱུ་དེ་དོར་རྒྱུ་མེད་པ་དེ་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་འདུག།