བླ་མའི་རྣལ་འབྱོར་གྱི་ཚེ་དབང་།


2013.04.17
༧དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མང་ཚོགས་༣༠༠༠བརྒལ་བར་ཚེ་དབང་དང་བླང་དོར་བཀའ་སློབ་བསྩལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་བདེ་སྐྱིད།

༄༅།    །འཁོན་རིགས་བསྟན་པའི་སྲོག་ཤིང་༧དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ ནིའུ་ཡོག་གྲོང་སྟོད་དུ་ཆགས་པའི་བརྩེ་ཆེན་ཀུན་ཁྱབ་གླིང་ས་སྐྱ་དགོན་པར་སེར་སྐྱ་མང་ཚོགས་ལ་བླ་མའི་རྣལ་འབྱོར་གྱི་ཚེ་དབང་ཆོས་འབྲེལ་དང་བཀའ་སློབ་བསྩལ་གནང་མཛད་འདུག    ཆོས་འབྲེལ་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། ས་གནས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་John J.Revella ། ས་གནས་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ཀྱི་སྐུ་ཚབ། ཧི་མ་ལ་ཡའི་རི་རྒྱུད་དང་བོད་རིགས་བཅས་ཁྱོན་མི་གྲངས་༣༠༠༠ལྷག་ཆེད་བཅར་ཞུས་ཡོད་པ་རེད། ༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་སྐབས།    ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱས་པ་ཙམ་མ་ཡིན་པར། དེའི་གནད་འགག་རྣམས་སྦྱང་ནས་ཤེས་པར་བྱེད་དགོས་པའི་སྐོར་དང༌། གངས་ཅན་གྱི་ལྗོངས་ལ་དུས་ཀྱི་འགྱུར་བ་ཆེན་པོ་བྱུང་ནས་བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་སར་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད་ན་ཡང༌། དེང་སྐབས་བོད་ཀྱི་ཆོས་དང༌། རིག་གཞུང་ཕྱོགས་བཞི་མཚམས་བརྒྱད་ལ་དར་ཁྱབ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་སྐྱེད་དང༌། རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་སོགས་ཀྱི་བླང་དོར་ཀྱི་བཀའ་སློབ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎