རྒྱ་སྒོར་ཁྲི་བརྒྱ་སྤྲད་ཀྱང་ངོས་ལེན་བྱས་མི་འདུག
2012.10.17
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་མདོ་སྨད་གཙོད་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། རྡོ་དཀར་རྫེ་རོ་སྡེ་བའི་གཞོན་སྐྱེས་སངས་རྒྱས་རྒྱ་མཚོས་རང་ལུས་མེར་བསྲེཊ་ཀྱིས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་ཞེས་པ་སོགས་ཀྱི་སྐད་འབོད་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁྱིམ་མི་ཚོས་འདས་བོར་མཆོད་འབུལ་བསྔོ་སྨོན་བྱས་མ་ཚར་བར་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་མི་སྣ་དང་། ས་གནས་ལས་བྱེད་ཁག་གཅིག་ཁོང་གི་ཁྱིམ་དུ་ཡོང་ནས། ཉེ་ལམ་སངས་རྒྱས་རྒྱ་མཚོས་རང་ལུས་མེར་བསྲེཊ་བཏང་བ་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཡིན་པར། བཟའ་ཚང་ནང་ཁུལ་མ་མཐུན་པའི་དཀའ་ངལ་ལས་བྱུང་བ་ཡིན་ཚུལ་མཚན་རྟགས་བཀོད་པ་ཡིན་ན། ནང་མིར་རྒྱ་སྒོར་ཁྲི་ ༡༠༠ སྤྲོད་རྒྱུ་ཡིན་པ་བཤད་ནས་གཡོ་ཐབས་བྱས་ཀྱང་། སྐབས་དེར་ཁོང་གི་ནང་མིས་མཐའ་གཅིག་ཏུ་ངོས་ལེན་བྱས་མེད་པ་རེད།
སངས་རྒྱས་རྒྱ་མཚོའི་ཕའི་མཚན་ལ་མགོན་པོ་དོན་འགྲུབ་དང་། ཨ་མ་མགོན་པོ་མཚོ་། བཟའ་ཟླའི་མིང་པ་རྡོ་རྗེ་སྐྱིད་ཟེར་ཞིང་། ཁོང་ལ་རང་ལོ་༧ཡིན་པའི་བུ་རྡོ་རྗེ་དོན་གྲུབ་དང་། རང་ལོ་༥ལ་སླེབས་པའི་བོུ་ཏིང་འཛིན་འཚོ་བཅས་ཕྲུ་གུ་གཉིས་ཡོད་འདུག