བོད་ནང་ས་ཞིང་ཐེན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ།

བོད་ཀྱི་ས་ཁུལ་ནང་ཆར་ཤོད་ཧ་ཅང་གི་དཀོན་པའི་རྐྱེན་གྱིས་ས་ཞིང་ཐེན་པ་བསྟན་པའི་དཀའ་ངལ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

2009.07.18

༄༅༎བོད་ནང་གི་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན་བར་ལམ་བོད་ཀྱི་ས་ཁུལ་ནང་ཆར་ཤོད་ཧ་ཅང་གི་དཀོན་པའི་རྐྱེན་གྱིས་ས་ཞིང་ཐེན་པ་བསྟན་པའི་དཀའ་ངལ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧའ་གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ནས་དེ་རིང་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ལ་གནས་ཚུལ་ལུང་འདྲེན་གནང་བའི་ནང་བོད་ཀྱི་ས་ཁུལ་ནང་སོ་ནམ་ཞིང་ལས་རྐང་བྱེད་ཡུལ་གྱི་ས་ཁུལ་དཔེར་ན་ལྷ་ས་དང་གཞིས་ཀ་རྩེ།ལྷོ་ཀ།ཆམ་མདོ་ས་ཁུལ་སོགས་ནང་ཁ་སྔོན་ཕྱི་ཟླ་དྲུག་པ་ནས་བཟུང་མུ་མཐུད་གནམ་གཤིས་ཧ་ཅང་གི་ཚ་བ་ཆེན་པོ་སྟོན་བཞིན་ཡོད་པའི་རྐྱེན་གྱིས་ཆར་པ་མི་འབབ་པའི་དཀའ་ངལ་འཕྲད་བཞིན་པ་དེ་ནི་ས་ཁུལ་དེ་དག་ནང་ཐེན་པ་བསྟན་པའི་དཀའ་ངལ་ཇེ་སྡུག་ཏུ་འགྲོ་རྒྱུའི་རྟགས་མཚན་ཡིན་པ་བཤད་ཡོད་ཅིང་བོད་ནང་སོ་ནམ་ཐོན་སྐྱེས་གཙོ་བོ་བྱེད་ཡུལ་གྱི་ས་ཁུལ་དེ་དག་ནང་འདི་ལོའི་ཕྱི་ཟླ་དྲུག་པ་དང་བདུན་པའི་ནང་དུ་གནམ་གཤིས་ཚ་བ་ཆེན་པོ་བསྟོན་པ་དང་ན་ནིང་གི་དུས་ཚོད་གཅིག་མཚུངས་ནང་ཚ་ཚད་བསྟན་པ་དང་བསྡུར་བ་ཡིན་ན་འདི་ལོ་དམིགས་བསལ་གྱི་ཚབ་ཆེ་རུ་ཕྱིན་ཡོད་པ་མ་ཟད་གཟའ་འཁོར་སྔོན་མ་དེར་ལྷག་པར་དུ་ཚ་བ་ཆེན་པོ་བསྟན་ཏེ་ལྷ་ས་གྲོང་ཁྱེར་ནང་དུ་ཚ་བ་ཆེན་པོ་བྱུང་བ་མ་ཟད་ཐེན་པའི་དཀའ་ངལ་སེལ་བའི་ཆར་པ་གཅིག་ཀྱང་འབབ་མེད་པ་རེད། ད་རེས་གསར་དུ་ཐོན་པའི་བོད་ཀྱི་གནམ་གཤིས་ལས་ཁུངས་ཀྱི་གནམ་གཤིས་སྔོན་བརྡའི་ནང་ད་དུང་གཟའ་འཁོར་འདིའི་ནང་དུ་བོད་ཀྱི་གྲོང་ཁྱེར་ལྷ་ས་དང་གཞིས་ཀ་རྩེ་།ལྷོ་ཁ།ཆམ་མདོ་ས་ཁུལ་དེ་དག་ནང་མུ་མཐུད་གནམ་གཤིས་ཚ་བ་ཆེན་པོ་བསྟན་རྒྱུ་མ་ཟད་ཆར་པ་ཆེན་པོ་འབབ་རྒྱུའི་རྣམ་པ་རྩ་བ་ནས་མེད་པའི་ཁར་དམིགས་བསལ་བོད་ཀྱི་ཡར་རླུང་གཙང་པོའི་ཉེ་འཁོར་གྱི་ས་ཁུལ་ནང་ཚ་བ་ཆེ་བ་དང་ཆར་པ་འབབ་རྒྱུའི་རེ་བ་རྩ་བ་ནས་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད། རེས་གཟའ་པ་སངས་ཉིན་བོད་ཀྱི་ཆུ་ལོག་གནོད་འཚེ་དང་ས་ཞིང་ཐེན་པའི་དཀའ་ངལ་སེལ་ཐབས་ལས་དོན་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་དུ་འདི་ལོ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ས་ཁུལ་ཁག་༧༢ནང་དུ་ཕྱི་ཟླ་དྲུག་པ་ནས་བཟུང་ཆར་ཤོད་མི་འབབ་པའི་རྐྱེན་གྱིས་ཐེན་པ་བསྟན་པའི་དཀའ་ངལ་ཚབས་ཆེའི་འོག་ལྷུང་བཞིན་ཡོད་པ་དང་ལྷག་པར་དུ་ས་ཁུལ་དེ་དག་ནང་ནས་མང་ཆེ་བ་ནི་ཉེ་བའི་ཆར་གྱི་དཀའ་ངལ་དེ་ཁོ་ན་མ་ཡིན་པར་མི་ལོ་བཅུ་ཕྲག་མང་པོ་ནས་ཐེན་པ་བསྟན་པའི་དཀའ་ངལ་ཡོད་མུས་ཡིན་པ་བཤད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎