རྒྱ་ནག་གིས་སྒོམ་དགོན་གསར་དགོན་པའི་དགེ་འདུན་པ་འཇུ་བཟུང་།


2014.07.14
སྒོམ་དགོན་གསར་དགོན་པའི་དགེ་འདུན་པ་སྐུ་བགྲེས་པ་བསྟན་འཛིན་ལྷུན་འགྲུབ་ཀྱི་ཉེ་པར། སྒོམ་དགོན་གསར་དགོན་པའི་དགེ་འདུན་པ་སྐུ་བགྲེས་པ་བསྟན་འཛིན་ལྷུན་འགྲུབ་ཀྱི་ཉེ་པར།
TCHRD

ནགས་ཤོད་འབྲི་རུ་ཁུལ་གྱི་སྒོམ་དགོན་གསར་དགོན་པའི་དགེ་འདུན་པ་སྐུ་བགྲེས་པ་བསྟན་འཛིན་ལྷུན་འགྲུབ་རྒྱ་ནག་གིས་བཟུང་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་དོན། དགེ་འདུན་པ་བསྟན་འཛིན་ལྷུན་འགྲུབ་ལགས་འདི་ལོ་སྤྱི་ཟླ་༥པའི་ནང་གི་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་ཞིག་ལ་ཤར་ཆུ་གྲོང་ཚོའི་ནང་བོད་ཀྱི་མི་རིགས་དང་། སྐད་ཡིག་གི་གནས་བབས་སྐོར་གཏམ་བཤད་གནང་བཞིན་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ནས་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཟླ་ཚེས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད་འདུག རྒྱུན་ལྡན་ནས་སྐུ་ཞབས་བསྟན་འཛིན་ལགས་ཀྱིས་ས་གནས་བོད་རིགས་རྣམས་ལ་ནང་ཆོས་ཀྱི་ངོ་སྤྲོད་དང་། དཀར་ཟས་ལོངས་སུ་སྤྱོད་དགོས་པ་དང་བོད་མི་རིགས་ཀྱི་ངོ་བོ་གནད་འགག་ཆེན་པོ་ཡིན་པའི་སྐོར་ལམ་སྟོན་གཏམ་བཤད་གནང་གི་ཡོད་པ་རེད་འདུག དེ་མ་ཟད་ས་གནས་སུ་བོད་མི་ནང་ཁུལ་རྩོད་རྙོག་བྱུང་དུས་ཁོང་གིས་བར་མི་ཐག་ཆོད་གནང་གི་ཡོད་པ་རེད་འདུག ས་གནས་བོད་མི་རྣམས་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ཚན་པར་སྐུ་ཞབས་བསྟན་འཛིན་ལྷུན་འགྲུབ་ལགས་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་དྲིས་སྐབས། ཁོང་གིས་ནང་ལྷ་འཛམ་པ་གནས་རིར་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གཙོས་པའི་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ལས་ཀ་མང་པོ་བྱས་ཡོད་པའི་ལན་འདེབས་བྱས་ཡོད་འདུག ཁོང་ད་ལྟ་ས་གནས་གང་དུ་བཀག་བྱེད་བཞིན་པ་དང་སྐུ་གཟུགས་ཀྱི་གནས་སྟངས་སྐོར་གནས་ཚུལ་ཤེས་ཀྱི་མེད་པ་རེད་འདུག
སྐུ་ཞབས་བསྟན་འཛིན་ལྷུན་འགྲུབ་ལགས་ནི་འབྲི་རུ་རྗོང་གི་ཤར་ཆུ་གྲོང་ཚོ་དགེ་སྣེ་སྡེ་པ་ནས་ཡིན་པ་དང་། ཁོང་སྒོམ་དགོན་གསར་དགོན་པའི་དགེ་འདུན་ཤེས་ཡོན་ཅན་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎