རྒྱ་གར་དུ་ཕག་པའི་རིམས་ནད་འགོས་ཁྱབ་གནས་ཚུལ།

རྒྱ་གར་ནང་ཕག་པའི་རིམས་ནད་རྐྱེན་པས་རིམས་ནད་དར་ཁྱབ་བྱུང་ཡུལ་གྱི་ས་གནས་ནང་གི་སློབ་གྲྭ་དང་གློག་བརྙན་ཁང་མང་པོ་སྒོ་རྒྱབ་པ།

2009.08.13

༄༅༎རྒྱ་གར་ནང་ཕག་པའི་རིམས་ནད་དེས་རྐྱེན་པས་དེ་རིང་རེས་གཟའ་ཕུར་བུ་བར་མི་ཉི་ཤུ་རྐྱེན་ལམ་དུ་ཕྱིན་ཡོད་པར་བརྟེན་ནས་རིམས་ནད་དར་ཁྱབ་བྱུང་ཡུལ་གྱི་ས་གནས་ནང་གི་སློབ་གྲྭ་ཆེ་ཆུང་དང་གློག་བརྙན་ཁང་སྟོང་ཕྲག་མང་པོ་སྒོ་བརྒྱབ་ཡོད་པ་དང་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ནང་དུ་རིམས་ནད་དེ་ཁྱབ་གདལ་མི་འགྲོ་བའི་སྔོན་འགོག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་པི་ཊི་ཨའེ་ཟེར་བའི་གསར་ཤོག་ཐོག་ལ་རྒྱ་གར་ནང་དུ་ཕག་པའི་རིམས་ནད་ཀྱི་ནད་པ་གསར་པ་གཅིག་ཐོན་པ་དེ་ནི་རྒྱ་གར་གྱི་ལྷོ་ཕྱོགས་སྦེང་ལཱོར་གྲོང་ཁྱེར་ནང་ནས་ལོ་ན་ཉི་ཤུ་རྩ་དྲུག་ཡིན་པའི་བུད་མེད་ཅིག་ཡིན་ཞིང་དེའི་བར་ལ་རྒྱ་གར་གྱི་ནུབ་ཕྱོགས་ས་གནས་པུ་ནེ་ནང་དུ་རིམས་ནད་དེས་རྐྱེན་པས་ཟླ་བ་བཅུ་གཅིག་ལ་སོན་པའི་ཕྲུ་གུ་བཅུ་གཅིག་དང་ལོ་ན་བདུན་ཅུ་དོན་ལྔ་ཡིན་པའི་བེུད་ཅིག་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། པུ་ནེ་གྲོང་ཁྱེར་དེའི་ནང་དུ་ཕག་པའི་རིམས་ནད་དར་ཁྱབ་མང་ཤོས་ཤིག་དང་ད་བར་ནད་པ་ཉི་ཤུ་བྱུང་ཡོད་པའི་ནང་ནས་བཅུ་གཉིས་རྐྱེན་ལམ་དུ་ཕྱིན་ཏེ་རྒྱ་གར་གྱི་ས་ཁུལ་ནང་ནས་ཕག་པའི་རིམས་ནད་སྡུག་ཤོས་བྱུང་ཡུལ་གྱི་ས་ཁུལ་ཞིག་ཡིན་པ་མ་ཟད་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་བར་ལ་ཀི་ལོ་མི་ཊར་བརྒྱ་དང་ཉི་ཤུ་ལས་མེད་ཅིང་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་གར་ནང་དུ་ཁྱོན་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་ཉིས་སྟོང་བྱུང་ཡོད་པ་དང་གྲོང་ཁྱེར་མུམ་སྦའེ་ནང་ནས་ནད་པ་གཉིས་རྐྱེན་ལམ་དུ་ཕྱིན་པའི་སྐོར་གསུངས་ཡོད་པ་བརྟེན་རེས་གཟའ་ལྷག་པའི་ཉིན་མུམ་སྦའེ་གྲོང་ཁྱེར་གྱི་རྒྱལ་ས་མ་ཧ་ར་ཤི་ཏྲ་ཡི་ས་གནས་གཞུང་གིས་གཟའ་འཁོར་གཅིག་རིང་གྲོང་ཁྱེར་མུམ་སྦའེ་ནང་གི་སློབ་གྲྭ་ཁག་དང་གློག་བརྙན་ཁང་ཡོངས་རྫོགས་སྒོ་རྒྱབ་དགོས་པའི་བཀོད་ཁྱབ་བཏང་དང་ས་གནས་པུ་ནེ་ནང་དུ་གཟའ་འཁོར་འདིའི་འགོ་སྟོད་ནས་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་པ་དང་རེས་གཟའ་ཉི་མ་བར་གློག་བརྙན་ཁང་ཡོངས་རྫོགས་མུ་མཐུད་སྒོ་བརྒྱབ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎