རྒྱ་གར་ལྷོ་ཕྱོགས་སུ་མི་གྲངས་༡༢༥འདས་གྲོངས་སུ་གྱུར་ཡོད་པ།

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་མངའ་སྡེ་གཉིས་ཀྱི་ནང་ཆུ་ལོག་གིས་རྐྱེན་པས་ད་བར་མི་གྲངས་བརྒྱ་དང་ཉི་ཤུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག

2009.10.03

༄༅༎རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་མངའ་སྡེ་གཉིས་ཀྱི་ནང་ཆུ་ལོག་གིས་རྐྱེན་པས་ད་བར་མི་གྲངས་བརྒྱ་དང་ཉི་ཤུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག དེ་ཡང་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀ་དང་ཨན་རྡ་ར་པཱར་རྡེཤ་གཉིས་ཀྱི་ནང་འདས་པའི་ཉིན་གྲངས་གསུམ་རིང་ཆར་པ་རྒྱུན་ཆད་མེད་པ་བབས་པས་རྐྱེན་གྱིས་མང་ཚོགས་ཀྱི་ཁང་ཁྱིམ་ཉིས་ཁྲི་ཉིས་སྟོང་ཙམ་ཞིག་རྡིབ་སྐྱོན་དུ་སོང་བ་དང་ཡང་ན་གཙང་ཆུ་རྒྱས་པ་སོགས་བྱུང་བའི་ནང་ད་བར་མི་གྲངས་༡༢༥འདས་གྲོངས་སུ་གྱུར་ཡོད་པ་མ་ཟད་འགྲུལ་བསྐྱོད་གཞུང་ལམ་དང་ཞིང་ཁའི་སྟོན་འབྲས་སོགས་ལ་གནོད་སྐྱོན་ཚབས་ཆེ་བཟོས་ཡོད་པར་ད་ཆ་ཡུལ་དེའི་ས་གནས་དང་དབུས་གཞུང་གཉིས་ཀས་ངལ་སེལ་གྱི་རོགས་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎