ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་རྡོ་རྗེའི་མཁའ་འགྲོའི་སྐོར།

རྡོ་རྗེ་མཁའ་འགྲོ་ལགས་འགྲུལ་བཞུད་གནང་སའི་ཐད་འཕུར་གནམ་གྲུ་གར་སོང་མེད་པ་ཕྱིན་པ་དེ་ད་ལྟའི་འཆར་བརྙེད་འཚོལ་ཐུབ་མི་འདུག

2011.05.02

༄༅༎རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་འགྲུལ་བཞུད་གནང་སའི་ཐད་འཕུར་གནམ་གྲུ་དེ་བཞིན་རེས་གཟའ་སྤེན་པའི་ཉིན་རྟ་དབང་ནས་འཕུར་བསྐྱོད་གནང་རྗེས་གར་སོང་མེད་པ་ཕྱིན་པ་དེ་ད་ལྟའི་འཆར་བརྙེད་འཚོལ་ཐུབ་མི་འདུག། སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་མགྲོ་ལགས་དང་ཕྱག་རོགས་གཞན་གཉིས་། དེ་ཐོག་གནམ་གྲུའི་ཁ་ལོ་པ་༢སོགས་ཁྱོན་མི་གྲངས་ངྲུག་འཁྱེར་བའི་ཐད་འཕུར་གནམ་གྲུ་དེ་བཞིན་རེས་གཟའ་སྤེན་པའི་སྔ་དྲོ་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕིཊི་༡༣༠༠༠ལྷག་ཡོད་སའི་སེལ་ལ་ལ་ཞེས་པའི་ཐོག་འཕུར་བསྐྱོད་བྱེད་སྐབས་ ས་ཐོག་བརྡ་སྟོན་འཕྲུལ་ཆད་དང་འབྲེལ་བ་ཡོངས་སུ་ཆད་ནས་ད་བར་འཚོལ་བརྙེད་ཐུབ་མེད་པ་དང༌། དེ་རིང་རྒྱ་གར་དང་འབྲུག་གི་ས་མཚམས་འཁེལ་སའི་རི་ཁུལ་ས་གནས་སུ་གནམ་ཐོག་ནས་ཐད་འཕུར་གནམ་གྲུ་གཉིས་དང་ས་ཐོག་སྲོག་སྐྱོབ་མི་སྣ་སྟོང་ཕྲག་མང་པོ་ཕྱོགས་ཚང་མར་ཁ་བཀྲམ་ནས་འཚོལ་ཞིབ་གནང་བཞིན་ཡོད་པ་རེད།

ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཀྱི་ཕྱག་རོགས་ཀི་རེན་རི་ཇི་ཇུ་ཡིས་ཐད་འཕུར་གནམ་གྲུ་དེ་རི་ཁུལ་ས་གནས་སུ་གར་སོང་མེད་པ་ཆགས་ནས་ཉིན་གྲངས་ཁ་ཤས་ཕྱིན་པའི་མཚམས་འདིར་ཁོང་ལ་བློ་འཚབ་ཆེན་པོ་འདུག་ཅེས་གསུངས་བཞག། ས་ཁུལ་དེར་མཚན་མོ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་རེད། རྟ་དབང་ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་མོ་ཕོ་སྦི་ཡིས་དེ་རིང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་གི་ཉེན་རྟོག་པ་དང༌། དམག་མི། གར་དགོས་དཔུང་དམག་དང་ས་གནས་གྲོང་གསེབ་པ་༤༠༠༠ཙམ་གྱིས་གནམ་གྲུ་འབོར་བརླགས་འགྲོ་སའི་རི་ཁུལ་ས་གནས་ཁག་ཏུ་ཉིན་གང་འཚོལ་ཞིབ་བྱས་ཡོད་པ་དང༌། རྒྱ་གར་མཁའ་དམག་དཔུང་སྡེའི་ཐད་འཕུར་གནམ་གྲུ་གཉིས་ཀྱིས་གནམ་ཐོག་ནས་འཚོལ་ཞིབ་བྱས་ཡོད་སྐོར་གསུངས་བཞག།

ཕྱོགས་མཚུངས་འབྲུག་ཡུལ་གྱི་ཉེན་རྟོག་པ་དང༌། ས་གནས་ཞིང་པ་ཚོས་འཚོལ་ཞིབ་རོགས་རམ་གང་ཐུབ་ཅི་ཐུབ་བྱས་ཡོད་པ་དང༌། ཁུལ་དེའི་དགོན་པ་ཁག་གིས་གནམ་གྲུ་གང་མགྱོགས་འཚོལ་བརྙེད་ཐུབ་ཆེད་ཞབས་རིམ་གྲུབ་བཞིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎