ཨ་རིའི་ཕྱི་སྲིད་དྲུང་ཆེས་འབར་མར་འཚམས་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་འབར་མའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་གཟིགས་སུ་ཕེབས་ཡོད་འདུག

2011.11.30

༄༅༎དེ་རིང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་འབར་མའི་ནང་ཕེབས་འབྱོར་བྱུང་ནས་ཉིན་གྲངས་གསུམ་རིང་འདས་པའི་ལོ་ངོ་ལྔ་ཅུ་ཙམ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མའི་ནང་འཚམས་གཟིགས་ཐོག་མ་དེ་གནང་རྒྱུ་ཡིན་ཞིང་ ལྕམ་ཀི་ལིན་ཀྲེན་འབར་མའི་ནང་འཚམས་གཟིགས་གནང་རིང་འབར་མའི་ཆེས་མཐོའི་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨང་སང་སུའུ་ཆི་མཆོག་དང་ཡང་མཇལ་འཕྲད་གནང་འཆར་ཡོད་པ་རེད་
ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་འབར་མར་མ་ཕེབས་སྔོན་ལྷོ་ཀུ་རི་ཡར་འཚམས་གཟིགས་སུ་ཕེབས་ཡོད་པ་དང་ལྷོ་ཀུ་རི་ཡ་ནས་མ་ཕེབས་སྔོན་ལྕམ་ཀི་ལིན་ཀྲེན་མཆོག་གིས་གསར་འགོད་པ་ཚོར་ད་རེས་ཁོང་འབར་མའི་ནང་ཕེབས་ནས་འབར་མའི་ད་ཡོད་སྲིད་གཞུང་གིས་མུ་མཐུད་ཆབ་སྲིད་དང་དཔལ་འབྱོར་ལ་བསྒྱུར་བཅོས་བྱ་རྒྱུའི་འདུན་པ་ཡོད་མིན་དངོས་སུ་རྟོགས་ཞིབ་གནང་རྒྱུ་ཡིན་པ་གསུང་ཡོད་པ་དང་  ད་དུང་འབར་མའི་ནང་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དང་ དེ་བཞིན་གྲངས་ཉུང་མི་རིགས་དང་འབར་མ་གཞུང་དབར་གྱི་དྲག་པོའི་འཐབ་རྩོད་མཇུག་སྒྲིལ་རྒྱུ་སོགས་ཀྱི་གནད་དོན་ཐོག་འབར་མའི་དཔོན་རིགས་དང་མཇལ་འཕྲད་གནང་བའི་སྐབས་བཏོན་གནང་རྒྱུ་ཡང་གསུང་འདུག གཟའ་ཕུར་བའི་ཉིན་ལྕམ་ཀི་ལིན་ཀྲེན་མཆོག་དང་འབར་མའི་སྲིད་འཛིན་ཐན་སན་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་དང་  དེ་རྗེས་ལྕམ་ཨང་སང་སུའུ་ཆི་དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཡིན་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎