༧གོང་ས་མཆོག་གིས་མུམ་བྷེ་ཚོང་པའི་ལྷན་ཚོཊ་བཀའ་སློབ།


2014.09.19
༧གོང་ས་མཆོག་གིས་མུམ་བྷེ་གྲོང་ཁྱེར་གྱི་ཚོང་པའི་ལྷན་ཚོགས་བཀའ་སློབ་གནང་བཞིན་པ། ༢༠༡༤།༩།༡༨ ༧གོང་ས་མཆོག་གིས་མུམ་བྷེ་གྲོང་ཁྱེར་གྱི་ཚོང་པའི་ལྷན་ཚོགས་བཀའ་སློབ་གནང་བཞིན་པ། ༢༠༡༤།༩།༡༨
སྐུ་སྒེར་དྲ་བ

བོད་མི་རྣམས་རྒྱ་གར་གྱི་སློམ་མ་ཡིན་པ་དང་སློབ་མ་དེ་ཡང་བློས་འགེལ་ཆོག་པ་ཞིག་ཆགས་ཡོད་པ་༧གོང་ས་མཆོག་གི་གསུངས་འདུག
དེ་ཡང་ཚེས་༡༨ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཚོང་པའི་ལྷན་ཚོགས་ནས་གདན་ཞུས་ལྟར་དེར་བླང་དོར་བཀའ་སློབ་ཀྱི་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཐོག་མར་རྒྱ་གར་གྱི་ཚོང་པའི་ལྷན་ཚོགས་དེའི་ཚོགས་གཙོ་སྐུ་ཞབས་Prabodh Thakkerཡིས་༧གོང་ས་མཆོག་གསུང་བཤད་གནང་ཡུལ་ཚོགས་ཁང་དུ་གདན་འདྲེན་ཞུས་པ་དང་ཚོགས་པའི་ལྷན་ཚོགས་དེའི་བུད་མེད་སྡེ་ཚན་གྱི་ཚོགས་གཙོ་ཟུར་པ་ལྕམ་Leena Vaidyaཡིས་༧གོང་ས་མཆོག་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་གནང་བའི་ནང་། རྒྱ་གར་གྱི་Indusརྒྱུགས་ཆུའི་ས་བབ་ལ་ཆགས་པའི་དཔལ་ཡོན་དེས་མཚན་ཉིད་རིག་པ་བ་དང་། རིག་གཙོ་སྨྲ་བ་མང་དག་བྱུང་བ་བརྒྱུད་ནས་རྒྱ་གར་གྱི་ཧིན་རྡུ་དང་ཇན་ནང་པའི་རིག་གཞུང་དེ་ཁྱབ་འཕེལ་བྱུང་ནས་ཧང་སང་དགོས་པའི་དཔལ་ན་ལེནྡྲའི་གཙུག་ལག་སློབ་གཉེར་ནས་པན་སྒྲུབ་མང་དག་བྱུང་སྐོར་བཀའ་གནང་བ་དང་། དེ་འདྲ་སོང་ཙང་Indusརྒྱུགས་ཆུའི་ས་བབ་ནས་ཆགས་པའི་བརྒྱུད་རིམ་གྱི་དཔལ་ཡོན་དེའི་ཤེས་ཡོན་དེ་དེང་སྐབས་ཀྱི་ཚན་རིག་པ་ཚོས་ཤེས་འདོད་ཆེན་པོ་ཡོད་པ་དང་། དེའི་ཤུགས་རྐྱེན་དེ་དུས་ད་ལྟའང་ཚོར་བཞིན་ཡོད་ཅེས་བཀའ་གནང་འདུག དེ་བཞིན་༧གོང་ས་མཆོག་གིས་དུས་རབས་བཅུ་བཞི་དང་བཅོ་ལྔ་པའི་བོད་པའི་བླ་མ་ཞིག་གིས་གསུངས་པ་ལུང་འདྲེན་གནང་བའི་ནང་བོད་དེ་གངས་རི་དཀར་པོས་བསྐོར་ནས་རང་བཞིན་ཚོན་གདངས་དེ་དཀར་པོ་ཡོད་ནའང་རྒྱ་གར་ནས་ནང་ཆོས་མ་དར་བར་བོད་དེ་མུན་ནག་ནང་ལྷུངས་ཡོད་སྐོར་གསུངས་པ་ལུང་འདྲེན་དང་བོད་མི་རྣམས་རྒྱ་གར་གྱི་སློམ་མ་ཡིན་པ་དང་སློབ་མ་དེ་ཡང་བློས་འགེལ་ཆོག་པ་ཞིག་ཆགས་ཡོད་སྐོར་དང་། བོད་མི་ཚོས་རྒྱ་གར་གྱི་དཔལ་ན་ལེནྡྲ་ནས་དར་བའི་ཆོས་དེ་བདག་གཉེར་བྱས་ཡོད་པ་མ་ཟད། དེ་དག་ཆད་ལྷག་མེད་པར་ནང་ཆོས་འབྱུང་ཁུངས་རྒྱ་གར་ལ་རྩིས་སྤྲོད་གནང་ཡོད་སྐོར་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་རེད། དེ་རྗེས་དེར་འདུས་མི་མང་༦༠༠སྐོར་ཞིག་གི་ཁོངས་ནས་འདྲི་བ་ཞུ་མཁན་ཁག་ལ་བཀའ་ལན་ལྷུག་པོ་གནང་ནས་བཀའ་སློབ་གསུང་བཤད་ཀྱི་མཛད་འཆར་དེ་གྲོལ་ཡོད་འདུག   

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎