གདུང་སེམས་མཉམ་བསྐྱེད།
2013.03.27

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅། །དེ་རིང་སྤྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ནས་ཉེ་ཆར་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་མཁན་སྐྱེས་མ་སྐལ་སྐྱིད་ལགས་དང༌། ལྷ་མོ་སྐྱབས་ལགས། དེ་བཞིན་སྔ་ལོ་སྐུ་སྲོག་ཤོར་བའི་སྤྲུལ་སྐུ་ཨ་ཐུབ་ལགས་དང༌། ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་ལགས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་བློས་གཏོང་གནང་མཁན་གཞིས་བྱེས་གཉིས་སུ་གནས་པའི་ ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུས་གནང་འདུག དེ་དང་ཕྱོགས་མཚམས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་ཕྱིན་པའི་སྐྱེས་མ་སྐལ་སྐྱིད་ལགས་ཀྱི་ཤུལ་ལུས་བྱིས་པ་༤ ད་ཕྲུག་ལ་ལྷག་ཡོད་པ་རྣམས་ལ། དྷ་ས་ཉིན་མོ་སློབ་གྲྭའིོ་འཛིན་རིམ་༡ ནས་༥ པའི་བར་གྱི་སློབ་ཕྲུག་༡༥༠ ལྷག་གིས་དྷ་སར་གདུང་སེམས་མཉམ་བསྐྱེད་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་འདུག།