རང་ལུས་མེར་སྲེག་གཏོང་མཁན་གཅོད་པ་འདས་གྲོངས།

ཨ་མདོ་རྔ་བ་རྫོང་ནང་རང་ལུས་མེར་སྲེག་གཏོང་མཁན་གཅོད་པ་ལགས་འདས་གྲོངས་སུ་གྱུར་འདུག

2012.08.11

༄༅།།ཕྱི་ཟླ་༨ཚེས་༡༠་སྟེ་གཟའ་པ་སངས་ཉིན་ཨ་མདོ་རྔ་བ་རྫོང་ནང་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་གཅོད་པ་ལཌ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བཞུཌ་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལཌ་དང་ཀ་ཉག་ཚེ་རིང་ལཌ་གཉིས་ཀྱིས་ད་རིང་གནས་འཕྲིན་དྲ་རྒྱ་བརྒྱུད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།ཕྱི་ཟླ་༨་ཚེས་༡༠་ཏེ་གཟའ་པ་སངས་ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཞང་ཐོག་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་ཕྱག་ཚོད་༣ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བུར་འདས་གྲོངས་སུ་གྱུར་བ་དང་།རྒྱ་ནག་གཞུང་གིས་ཁོང་གི་སྐུ་ཕུང་འབར་ཁམས་ནང་ཞུགས་འབུལ་གནང་སྟེ་རུས་ཐལ་ཞིག་མ་གཏོཌ་ཁོང་གི་ནང་མི་རྣམས་ལ་སྤྲད་མིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎