རི་མོའི་ལམ་ནས་ངོ་སྤྲོད།
2013.03.08

རྒྱ་ནག་པེ་ཅིང་དུ་ཡོད་པའི་རི་མི་བྲིས་མཁན་སྒྱུ་སྩལ་མཁན་ལོ་གྲངས་༥༠སོན་པ་ལིའུ་ཡིད་ཟེར་བ་ཞིག་གིས་ཁོང་གི་སྣུམ་མཚོན་དཀར་ནག་གཉིས་ཀྱི་རི་མོ་མང་པོ་བྲིས་གནང་ཡོད་པ་དེ་ཚོའི་ནང་། དེ་སྔོན་རྒྱ་ནག་པེ་ཅིང་གི་གནམ་བདེ་སྒོ་མོི་ཆེའི་མདུན་ཐང་དུ་མང་གཙོའི་ལས་འགུལ་སྤེལ་མཁན་འདས་གྲོངས་སུ་གྱུར་བ་དང་། དེ་བཞིན་བོད་ནང་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བའི་སྐོར་སོགས་རི་མོར་བྲིས་ཡོད་པ་དེ་ཚོ་ནི། རྒྱ་ནག་གཞུང་གིས་རི་མོའི་ནང་དོན་དེ་ཚོ་ཆབ་སྲིད་ཀྱི་གནད་དོན་གཞི་ལྗི་བོ་ཞིག་ལ་ཆ་འཇོག་བྱེད་ཀྱི་ཡོད་པས་མ་ཟད། རྒྱ་ནག་གཞུང་གི་མི་སྣ་ཁོང་གིས་རི་མོ་བྲིས་སར་སླེབས་ཡོད་པ་རེད།
རང་སྲེག་གནང་མཁན་གྱི་བོད་མི་རྣམས་ནས་རང་གི་ཆོས་དད་རང་དབང་དགོས་ལུགས་གསུངས་པ་དེར་སྲུང་བརྩི་དགོས་པ་ཞིག་ཡིན་སྐོར་ངོ་སྤྲོད་དང་འབྲེལ། ཁོང་ཚོིར་རྗེས་དྲན་ཞུ་ཆེད་དང་རྒྱ་ནག་ནང་རྒྱ་རིགས་མི་མང་མང་ཆེ་བས་བོད་མིས་རང་ལུས་མེར་བསྲེགས་བཏང་དགོས་པའི་རྒྱུ་མཚན་གང་ཡིན་གནས་ཚུལ་ཤེས་རྟོགས་མེད་པ་དེ་ཚོ་གོ་དོན་ལེགས་རྟོགས་རི་མོའི་ལམ་ནས་ཤེས་རྟོགས་ཐུབ་པ་བཟོ་ཆེད་དུ་ཡིན་ལུགས་འགྲེལ་བརྗོད་གནང་བཞག།