བོད་མི་ཞིག་ལ་ལོ་བཞིའི་ཁྲིམས་ཐག་བཅད་འདུག

དགུང་གྲངས་༦༠ཕེབས་པའི་བོད་མི་ཞིག་གིས་བོད་རང་བཙན་གྱི་བསམ་ཚུལ་དར་འཕེལ་བཏང་ལུགས་ནག་ཉེས་བཙུགས་ནས་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2013.02.12

༄༅།    །བོད་ཤར་ཕྱོཌ་རྨ་ལྷོ་ཁུལ་གྱི་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་བོད་པའི་འབྲོག་པ་རྒྱ་སྡེ་ཧོར་གྱིས་ཁ་བྲལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་འཇུག་དང་།    ལོ་གཉིས་རིང་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་སྐོར་ཕ་ཡུལ་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག ཡང་དེའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན།    བོད་མི་བགྲེས་སོང་དེས་ཕྱི་ལོ་༢༠༡༢ལོའི་ཟླ་༡༡པའི་ནང་རང་ལུས་མེར་སྲེག་མཁན་བོད་མི་ཚོའི་ནང་མིར་དངུལ་དང་བཅའ་དངོས་སོགས་སྤྲད་ནས་སེམས་གསོ་བཏང་བས་མ་ཟད། བོད་རང་བཙན་སྐོར་བསམ་ཚུལ་ཁྱབ་གདལ་བཏང་ལུགས་ནག་ཉེས་བཙུགས་འདུག
གཟའ་འཁོར་སྔོན་མའི་ནང་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་།    ས་གནས་བོད་ཀྱི་བེུད་ལྷན་ཚོཌ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་བློ་བཟང་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་སྲེག་བརྒྱུད་སྐུལ་བྱས་སྐོར་ནག་ཉེས་བཙུགས་ནས་སྲོག་ཐོག་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་རྔམ་སྟོན་གནང་སྟེ་ཁོང་གཙོས་པའི་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་ ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་དགུང་གྲངས་༤༠ཕེབས་པའི་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་སུ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏང་རྒྱུ་དང་དགུང་གྲངས་༣༡ཕེབས་པ་བློ་བཟང་ཚེ་རིང་ལགས་སུ་ལོ་༡༠རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་།    ཡང་ཉིན་དེ་རང་ལ་བོད་ནང་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོའི་སྐུ་ཕུང་རྒྱ་མིའི་ལག་པ་ནས་ཉེན་སྐྱོབ་གནང་ཐབས་བྱེད་མཁན་ཡིན་པའི་ནག་ཉེས་པ་བཙུགས་ནས་བོད་མི་དྲུག་ལ་ལོ་༡༢བར་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་ལྗིད་པོ་བཅད་ཡོད་པ་རེད།  ཁེ་ཎ་ཌ་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བ་བདེ་ཚང་ཨོ་རྒྱན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་མང་བ་བསད་པ་དང་།    བཙོན་འཇུག་སོགས་བྱས་ནས་བོད་ནང་རང་ལུས་མེར་བསྲེག་རྒྱུ་མཚམས་འཇོག་བྱེད་འདོད་ཡོད་རེད། གདུག་རྩུབ་ཆེ་བའི་གཞུང་འཛིན་ངན་པ་དེས་བོད་མི་རིགས་རྩ་མེད་བཟོ་འདོད་རེད། རྒྱ་གཞུང་གིས་བོད་མི་འཛིན་བཟུང་བཙོན་འཇུག་བྱེད་ཐབས་བྱས་པ་ལས་རང་ལུས་མེར་སྲེག་དགོས་པའི་རྒྱུ་རྐྱེན་ཤེས་ཐབས་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎