རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ།

བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་ཐོན་བཞིན་པར་བརྟེན། མཉམ་སྦྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་སྒྲིག་འཛུགས་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

2013.02.14

༄༅།    །ཉེ་ལམ་ཕྱི་ཟླ་༢ ཚེས་ ༣ ཉིན་ རང་ལོ་ ༣༧ ལ་སོན་པའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས། བོད་ནང་རང་ལུས་མེར་སྲེག་བཏང་བའི་གྲངས་འབོར་བརྒྱ་ལོང་ཡོད་པ་དང་། གནས་ཚུལ་དེས་རྐྱེན་པས་ཁ་སང་ཚེས་༡༣ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་རྒྱ་ནག་གཞུང་ལ་བརྡ་ལན་དང་།    རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་གསར་འགོད་བསྒྲགས་གཏམ་ནང་།  བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་ཡོང་བ་དང་། བོད་མིར་རང་དབང་དགོས་པའི་འབོད་སྒྲ་གཅིག་མཚུངས་བཏོན་བཞིན་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་རང་སྲེག་གི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ལན་མང་བྱས་ཀྱང་། བློ་ཕམ་པ་ཞིག་ལ་རང་སྲེག་གི་ལས་འགུལ་བསྟུད་མར་ཐོན་བཞིན་ཡོད་པ་རེད། དེ་ལྟ་བུའི་རང་སྲོག་བློས་གཏོང་བྱེད་པ་ནི། འདས་པའི་མི་ལོ་༦༠རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་དོན་འབྲས་མ་སོན་པ་དང་། བོད་མི་ཚོའི་ཞི་བའི་འཐབ་རྩོད་ཀྱི་ལམ་ནས་རྒྱ་ནག་གཞུང་གི་བཀའ་ལ་རྩིས་མེད་བཏང་བའི་ལས་འགུལ་གྱི་རྣམ་པ་ཞིག་ཡིན་ཡང་། རྒྱ་ནག་གཞུང་གིས་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོས་ལེན་བྱ་རྒྱུའི་ཚབ་ཏུ་ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་རང་ལུས་མེར་སྲེག་གི་ལས་འགུལ་བརྒྱུད་སྐུལ་བྱ་ལུགས་ཀྱི་མ་ཉེས་སྐྱོན་འཛུགས་བསྟུད་མར་བྱེད་བཞིན་ཡོད་པ་རེད། དེར་བརྟེན་བོད་ནང་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་ཤེས་རྟོགས་སླད། རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་དང་། རྒྱལ་སྤྱིའི་གཞུང་དང་སྒྲིག་འཛུགས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་བོད་ནང་ཞིབ་འཇུག་གནང་རྒྱུར་ང་ཚོས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད་པས་མ་ཟད།    རང་ལུས་མེར་སྲེག་གི་ལས་འགུལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་སྐུལ་བྱས་མིན་ཐད། རྒྱ་ནག་གཞུང་གི་སྐུ་ཚབ་བཞུགས་སྒར་དུ་ཞིབ་འཇུག་གནང་རྒྱུར་ག་དུས་ཕེབས་ཀྱང་། ང་ཚོའི་ངོས་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་ཁས་ལེན་གཙང་མ་ཡོད་པ་ཡང་ལན་མང་གསལ་འདོན་བྱས་ཡོད་ཅེས་གསུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎