རང་སྲེག་འོག་སླར་ཡང་བོད་མི་གཉིས་འདས་གྲོངས།
2013.02.14
༄༅། །ཁ་སང་སྤྱི་ཚེས༡༣ཉིན་གུང་བོད་ལོ་ཚེས་༣ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་གི་རྒྱལ་གཅེས་པ་འབྲུག་པ་མཁར་གྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་རྗེས་སྐུ་གྲོངས་ཡོད་འདུག
ཁོང་ལོ་༢༦ཕ་མིང་ལ་རྟ་མགྲིན་ཚེ་རིང་དང་མ་མིང་ལ་རྟ་མགྲིན་མཚོ་དང་ཁོ་ལ་བྱིས་པ་གསུམ་ཡོད་འདུག
ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༡༣ཉིན་བལ་ཡུལ་མཆོད་རྟེན་རིན་པོ་ཆེའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་གནང་མཁན་དེ་བཞིན་དེ་མ་ཐག་ཉེན་རྟོག་མི་སྣས་སྨན་ཁང་དུ་བསྐྱེལ་ཡོད་ཀྱང་། ཁ་ས་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་འདས་གྲོང་གྱུར་ཡོད་ལུགས་Tribhuvan University Teaching Hospital ཞེས་པའི་སྨན་ཁང་གི་འགན་འཛིན་Bhagawan Koirala ལགས་ནས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག
ཡང་གསར་འགྱུར་ལས་ཁང་ལ་བྷེལ་འཇེམ་ནས་ཡིན་པའི་བུད་མེད་མིང་འདོན་མ་བྱེད་པ་ཞིག་ནས་འགྲེལ་བརྗོད་བྱས་པར་ལྟར་ན། རང་ལུས་མེར་སྲེག་མ་བཏང་བའི་གོང་ཙམ་ལ་ཟ་ཁང་དེའི་མདུན་གདོང་ཐུག་བྱུང་བ་དང་། སྐབས་དེར་ཁོ་པ་སྣང་པ་སྐྱིད་མདོག་ཁ་པོ་ཞིག་འདུག་ལ་རྩེད་མོ་དང་སྦྲགས་ང་པར་ཞིག་རྒྱབ་རོགས་ཟེར་ནས་མེ་སྤར་རྒྱུའི་ལ་ཡེ་ཀྲར་ཞིག་བཏོན་སོང་། དེ་ནས་ང་ཚོས་མཆོད་རྟེན་མདུན་དུ་མེ་ལྕེ་འབར་བ་མཐོང་ནས་ཧང་སང་བྱུང་། དེ་ནི་གློ་བུར་གྱི་གནས་ཚུལ་ཞིག་ཡིན་སྟབས་མི་ཚང་མ་ཅི་བྱ་ལྟོས་མེད་ལྟ་བུར་འགྱུར་སོང་ཞེས་གནས་ཚུལ་གང་མཐོང་བ་རྣམས་ངོ་སྤྲོད་བྱས་ཡོད་འདུག སྨན་ཁང་ནས་འགྲེལ་བརྗོད་བྱས་པར་ལྟར་ན། ཁོང་གི་ལུས་པོ་བརྒྱ་ཆ་དགུ་བཅུ་གོ་དྲུག་ཙམ་མེས་ཚིག་ཟིན་ཡོད་འདུག།