འུ་ཐུག་ནས་རང་ལུས་མེར་སྲེག་གཏོང་གི་ཡོད་གསུངས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ནང་གི་བོད་མི་ཚོ་བྱ་ཐབས་བྲལ་ཏེ་འུ་ཐུག་ཐབས་ཟད་ནས། རང་ལུས་མེར་སྲེག་བཏང་སྟེ། ངོ་རྒོལ་བྱ་དགོས་པ་འགྱུར་བཞིན་ཡོད་རེད་ཅེས་གསུངས།

2012.08.10

༄༅།    །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མགྲིན་ཚབ་པ་ལྕམ་ཀེསི་སོན་ཀྲ་ཡིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་མི་རིགས་རིག་གཞུང་སྐད་ཡིག་བཅས་པ་ངོ་བོ་གང་ཡོད་ལ་དམ་དྲག་གིས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་འདིས་བོད་མི་རྣམས་འུ་ཐུག་ནས་རང་ལུས་མེར་སྲེག་གཏོང་གི་ཡོད་སྐོར་གསུངས་འདུག        ཁོང་གིས་ད་དུང་།    བོད་ཀྱི་དབུ་ཁྲིད་༧གོང་ས་ཏྭ་ལའི་བླ་མས་མི་ལུས་རིན་ཆེན་རྩ་ཆེར་འཛིན་གྱི་ཡོད་པས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་ལ་དགག་པ་གནང་གི་ཡོད་ཅེས་དང་། ཡིན་ནའི་རྒྱ་ནག་གཞུང་གིས་བོད་ནང་དགོན་སྡེ་གྲྭ་ཚང་གི་གཙོས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གང་ཡོད་ལ་དམ་དྲག་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་སོང་། བོད་མི་ཚོ་འུ་ཐུག་ཐབས་ཟད་དེ།    རང་ལུས་མེ་སྲེག་གཏོང་དགོས་པ་འགྱུར་བཞིན་ཡོད་སྐོར་གསུངས་འདུག
ཡང་བོད་ནང་གི་གནས་སྟངས་ལ་རྒྱུད་མངའ་ཡོད་པ་ ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་དང་འབྲེལ་ཡོད་ཚོགས་ཆུང་གི་ལས་བྱེད་ཡིན་པ་ སིཀྲིབ་ མར་ཤལ་(Steve Marshall) གིས་བོད་ནང་རང་ལུས་མེར་སྲེག་བཏང་བའི་ངོ་རྒོལ་གྱི་དོན་རྐྱེན་འདི་ཇེ་མང་དུ་འགྲོ་བཞིན་པ་དང་། ངོ་རྒོལ་གྱི་ལས་འགུལ་འདི་གྲྭ་བཙུན་དང་ས་ཁུལ་རེ་གཉིས་ཤིག་གཅིག་པུར་མིན་པར། ད་ཆ་སྐྱ་སེར་དབྱེ་མེད་དང་ས་ཁུལ་ལ་མཚོན་ནའང་ བོད་ཀྱི་ས་ཁུལ་གང་སར་ཡོང་གི་ཡོད་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎