རང་ལོ་༢༣ཅན་གྱི་བེུད་ཅིག་ནས་རང་སྲེག
2012.11.15
༄༅། །དེ་རིང་ཉིན་གུང་བོད་ནང་ཆུ་ཚོད་ ༡༢ ཡས་མས་ཙམ་ལ། བོད་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག རྒྱལ་གཅེས་ཏིང་འཛིན་སྒྲོལ་མ་ལགས་ཀྱི་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ ཡིན་པ་དང་། མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ལོ་ ༤༡ ཡིན་འདུག རྒྱལ་གཅེས་དཔའ་མོ་ཁོང་གིས་རང་ལུས་མེར་སྲེག་བཏང་བ་དུས་ཐོག་ས་གནས་མི་མང་གིས་ཤེས་རྟོགས་བྱུང་ཐུབ་མིན་འདུག གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་པ་ལྟར་ན། རྒྱལ་གཅེས་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། རང་སྲེག་མ་བཏང་སྔོན་ལ་ཁོང་མོའི་ལག་ཁྱེར་ཁ་པར་དང་། མཛུབ་དཀྲིས། སྲུང་འཁོར་སོགས་རང་ཁྱིམ་དུ་བཞག་སྟེ། སྡེ་བའི་འདུ་ཁང་ནང་དུ་སོང་ནས་དུང་བུད་པ་དང་བསང་མཆོད་སོགས་བྱས་རྗེས། རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག དོ་དགོང་ཆུ་ཚོད་ ༡༠ ཐོག་ལ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་འཆར་གནང་བཞིན་ཡོད་ཀྱང་། རོང་བོ་དགོན་པའི་དགེ་འདུན་པ་རྣམས་བཙན་མོར་བསླེབ་མེད་སྟབས། ད་ལྟའི་ཆར་སྡེ་བའི་ཉེ་འཁྲིས་ཀྱི་སྒྲུབ་སྡེ་གསུམ་གྱི་གཙོས་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཐོག་སྒུག་སྡོད་བྱས་ཡོད་འདུག།