འདི་རིང་སླར་ཡང་རང་ལུས་མེར་སྲེག་གི་ལས་འགུལ།

འདི་རིང་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་ཤང་གི་ཐོག་དགུང་ལོ་༢༤ ཡིན་པ་གཅོད་པ་ཞུ་བས། རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་འདུག

2012.08.10

༄༅།    །བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་ནང་དུ། འདི་རིང་བོད་ནང་གི་སྔ་དྲོའི་ཚོུད་༡༠ དང་སྐར་མ་༡༥ ཙམ་ལ་རང་ལོ་༢༤ ཡིན་པའི་བུ་གཅོད་པ་ལགས་ཀྱིས། རྨེའུ་རུ་མའི་ཤང་གི་ཐོག་ཏུ་རང་ལུས་མེར་སྲེག་བཏང་སྟེ།    མེ་འབར་དཀྱིལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོགས་ཡོད་པ་དང༌། སྐར་མ་འགའ་ཤས་ལས་མ་འགོར་བར་ས་གནས་སུ་ཡོད་པའི་ཉེན་རྟོག་པ་རྣམས་སླེབས་ཏེ། ཁོང་གི་ལུས་ཐོག་ཏུ་འབར་བཞིན་པའི་མེ་བསད་ནས༌བཙན་ཁྲིད་བྱས་ཤིང༌།
སྐབས་དེར་གནས་ཚུལ་དངོས་སུ་མཐོང་མཁན་གྱིས། གཅོད་པ་ལགས་སྐབས་ཐོག་དེར་འདས་གྲོངས་སུ་ཕྱིན་ཡོད་མེད་གསལ་པོ་ཤེས་རྟོགས་མེད་ཀྱང་།    མེས་ཚིག་པའི་རྨས་སྐྱོན་ཧ་ཅང་གི་ཚབས་ཆེན་པོ་བྱུང་ཡོད་པར་བརྟེན། གསོན་པོར་གནས་པའི་རེ་བ་གཏན་ནས་མེད་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག    འོན་ཀྱང་ཚིག་ཐག་ཆོད་པོའི་ཐོག་ནས་ཁོང་འདས་གྲོངས་སུ་ཕྱིན་ཡོད་མེད་འགྲེལ་བརྗོད་གནང་མཁན་བྱུང་མེད་པས་མ་ཟད། ཁོང་འདས་གྲོངས་སུ་ཕྱིན་ཡོད་ན་སྐུ་ཕུང་ས་ཆ་གང་དུ་འཁྱེར་ཡོད་མེད་ཀྱི་གནས་ཚུལ་ཀྱང་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད།
འདི་རིང་དོན་རྐྱེན་དེ་བྱུང་མ་ཐག་རྨེའུ་རུ་མའི་ཤང་ཡོངས་རྫོགས་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་འགྲེམས་འཇོག་བྱས་ཏེ་དམ་དྲག་ཆེན་ཡོད་པའི་སྐོར་དང༌།  རྨེའུ་རུ་མ་ས་ཁུལ་དེ་ནི། རྔ་པ་རྫོང་ཁོངས་ཀྱི་འབྲོག་སྡེ་ཞིག་ཡིན་པ་དང༌། རྔ་པ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་༢༧ གྱི་མཚམས་སུ་ཡོད་ཅིང༌། ༡༩༥༩ ལོའི་གོང་དུ་འབྲོག་སྡེ་འདིར་སྡེ་བ་ཆེན་པོ་བརྒྱད་ཡོད་ཀྱང་དེང་སྐབས་རུ་ཆེན་ལྔ་ལ་ཆ་བགོས་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས།  ༢༠༠༠ ལོར་རྨེའུ་རུ་མ་སྤྱི་ཡོངས་ལ་མི་འབོར་གསུམ་སྟོང་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང༌། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༧༣༥ ཡོད་པའི་བསྡོམ་རྩིས་ཤིག་བཏོན་ཡོད་པའི་སྐོར་སོགས་བཀོད་ཤག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎