གྲོས་ཚོགས་འཐུས་མི་བོད་ནང་ཞིབ་འཇུག་བསྐྱོད་རྒྱུར་རྒྱབ་སྐྱོར།

བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རྒྱལ་སྤྱིའ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཚབ་ཁག་ཅིག་བོད་ནང་ཕེབས་དགོས་པའི་འབོད་སྐུལ།

2011.03.25

༄༅༎བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་ རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་ཞིག་བོད་ནང་གཏོང་དགོས་པའི་འབོད་སྐུལ་མཛད་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌ་ཡེན་ཕའེན་སི་ཀྲའེན་གྱིས་རྒྱབ་སྐྱོར་གནང་ཡོད་པ་རེད་ ཕྱི་ཟླ་གསུམ་པའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གསུང་བཤད་གནང་སྐབས་ བོད་ནང་གི་གནས་སྟངས་ཐོག་ཐུགས་འཚབ་ཡོད་པའི་སྐོར་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་གི་སྐུ་དབང་རྩིས་སྤྲོད་མཛད་རྒྱུར་ཐུགས་ཐག་བཅད་པ་ དེ་བཞིན་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་སྩལ་བའི་གསུང་འཕྲིན་ནང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རྒྱལ་སྤྱིའ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཚབ་ཁག་ཅིག་བོད་ནང་ཕེབས་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད་  

ལྕམ་ཕའེན་སི་ཀྲའེན་གྱིས་གསུང་ན་ ངས་༧གོང་ས་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་མི་དེར་རྩིས་སྤྲོད་མཛད་རྒྱུ་ཐག་གཅོད་མཛད་པར་བསྔགས་བརྗོད་ཞུ་ཡི་ཡོད་ ང་རང་སྒེར་ངོས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འགྱུར་འགྲོས་དེར་རྒྱབ་སྐྱོར་ཞུ་རྒྱུའི་གྲ་སྒྲིག་ཡོད་ལ་ ༧གོང་ས་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གིས་ཉེ་ཆར་གསུང་འཕྲིན་ནང་བཀའ་ཕེབས་པ་བཞིན་ ཕྱི་ལོ་༡༩༧༠དང་༡༩༨༠ནང་བོད་མིའི་བདེན་དོན་འཚོལ་བའི་ལྟ་སྐོར་འཐུས་མི་སྐུ་ཚབས་ཁག་བོད་ནང་བསྐྱོད་ཡདོ་པ་ལྟར་ ངས་རྒྱ་ནག་གཞུང་ལ་ལྟ་སྐོར་དེ་རིགས་བསྐྱར་དུ་བསྐྱོད་ཆོག་པའི་འབོད་སྐུལ་ཤུགས་ཆེ་བྱེད་ཀྱི་ཡོད་ དེ་ལྟ་བུའི་བདེན་དོན་འཚོལ་ཞིབ་ཀྱི་འཐུས་མི་བརྒྱུད་བོད་ནང་གི་བོད་མི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དཀའ་ངལ་ཇི་འཕྲད་སྐོར་དོ་སྣང་ཤུགས་ཆེ་རུ་འགྲོ་རྒྱུ་ དེ་བཞིན་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་འཚོལ་ཆེད་དང་བོད་རྒྱ་ཞི་མོལ་ཐོག་ལ་ཡང་ ཡར་རྒྱས་འགྲོ་ཐུབ་ཀྱི་རེད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎